རེབ་གོང་དུ་སློབ་མས་ཁྲོམ་སྐོར་ངོ་རྒོལ་དང་ཞི་བའི་སྐད་འབོད།

རེབ་གོང་དུ་སློབ་མས་ཁྲོམ་སྐོར་ངོ་རྒོལ་དང་ཞི་བའི་སྐད་འབོད།  རེབ་གོང་དུ་སློབ་མས་ཁྲོམ་སྐོར་ངོ་རྒོལ་དང་ཞི་བའི་སྐད་འབོད། རེབ་གོང་དུ་སློབ་མས་ཁྲོམ་སྐོར་ངོ་རྒོལ་དང་ཞི་བའི་སྐད་འབོད།རེབ་གོང་དུ་སློབ་མས་ཁྲོམ་སྐོར་ངོ་རྒོལ་དང་ཞི་བའི་སྐད་འབོད།

རེབ་གོང་དུ་སློབ་མས་ཁྲོམ་སྐོར་ངོ་རྒོལ་དང་ཞི་བའི་སྐད་འབོད།  རེབ་གོང་དུ་སློབ་མས་ཁྲོམ་སྐོར་ངོ་རྒོལ་དང་ཞི་བའི་སྐད་འབོད། རེབ་གོང་དུ་སློབ་མས་ཁྲོམ་སྐོར་ངོ་རྒོལ་དང་ཞི་བའི་སྐད་འབོད།  རེབ་གོང་དུ་སློབ་མས་ཁྲོམ་སྐོར་ངོ་རྒོལ་དང་ཞི་བའི་སྐད་འབོད། 

ཕྱི་ལོ་༢༠༡༢  ཟླ༡༠ པའི་ཚེས ༢༦ ཉིན། རེབ་གོང་ཆུ་མ་ཀླུ་གཤོང་སྡེ་བའི་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་དང་།  ཕྱི་ཟླ་ ༡༡  ཚེས་༧ ཉིན་རེབ་གོང་མདོ་བའི་རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོ་ལགས་དང་།  ཚེས ༨ ཉིན་མདོ་བའི་རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པ་ལགས་བཅས་ནས་སྔ་ཕྱིར་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་སྐུ་གཤེགས་པར།  རེབ་གོང་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་སྐྱེད་ཀྱིས་རྒྱལ་གཅེས་དཔའ་བོ་དང་དཔའ་མོའི་སྐུ་ཕུང་ལ་ཁྱོན་ཡོངས་ནས་གུས་བརྩིའི་རྗེས་འཇུག་བསྒྲུབས་ཏེ།  བདུན་ཕྲག་ཙམ་ཡང་མ་ཕྱིན་པའི་མུན་ནག་དང་སྡུག་བསྔལ་གྱི་ན་ཟུག་ཁྲོད། ཡང་བསྐྱར་ཕྱི་ཚེས་༩  ཉིན།  མདོ་སྨད་རེབ་གོང་དུ།  བོད་ནང་གི་ཞོགས་པ་ཆུ་ཚོད་༥ པའི་སྟེང། སློབ་མས་ཡར་ལངས་ལས་འགུལ་སྤེལ་ཏེ། ཁྲོམ་སྐོར་དང་ཞི་བའི་སྐད་འབོད་བྱས་འདུག་ལ། རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་དང་། རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་། རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། རེབ་གོང་རྫོང་མི་རིགས་སློབ་འབྲིང་སོགས་སློབ་གྲྭ་ཁག་གི་སློབ་མ་སྟོང་ཕྲག་ལྔ་དྲུག་ཅིག་མཉམ་འཛོམས་ཀྱིས། ༸གོང་ས་༸སྐྱབས་མགོན་མཆོག་གི་ཞབས་བརྟན་གསོལ་འདེབས་ “གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།” ཅེས་པ་དབྱངས་འདོན་དང་། དེ་བཞིན་ “མི་རིགས་འདྲ་མཉམ་བྱ་དགོས།” “བོད་ལ་རང་དབང་དགོས། “”རྡོག་རྩ་གཅིག་སྒྲིལ་དགོས” “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས”ཞེས་སོགས་སྐད་འབོད་རྒྱག་བཞིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་འཛིན་ལྟེ་གནས་དང་རེབ་གོང་(ཐུན་རིན་རྫོང་)རྫོང་གི་སྲིད་འཛིན་ལྟེ་གནས་ཡིན་པའི་རོང་བོ་རྒྱལ་ཐང་གི་ལམ་གཞུང་གང་སར་སྐོར་བསྐྱོད་ཀྱིས་སྐད་འབོད་ཁྲོམ་སྐོར་བྱས་ནས། རོང་པོ་དགོན་ཆེན་མདུན་གྱི་སྒྲོལ་མ་ཐང་ཆེན་དུ་མཉམ་འཛོམས་ཀྱིས་དེ་གར་སྐད་འབོད་དང་རྒྱལ་བའི་ཞབས་བརྟན་དབྱངས་འདོན་བྱས་སྐབས། ཐག་ཉེ་རིང་གི་མི་མང་འཛོམས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག སྐད་འབོད་སྐབས་ལམ་གཞུང་ཡོངས་སློབ་མས་ཁེངས་ནས་རླངས་འཁོར་འགྲུལ་བཞུད་སོགས་མཚམས་འཇོག་དགོས་པའི་ཚོད་ཆགས་ཡོད་འདུག  སློབ་མའི་ལས་འགུལ་འདིའི་ནང་། ཁུལ་དང་རྫོང་གི་སྲིད་འཛིན་ལྟེ་གནས་འདབས་འབྲེལ་དུ་ཡོད་པའི་སློབ་གྲྭ་ཚང་མ་མཉམ་ཞུགས་ཀྱིས་སློབ་ཕྲུག་སྟོང་ཕྲག་ལྔ་དྲུག་ཙམ་འདུ་འཛོམས་བྱུང་ཡོད་འདུག

རེབ་གོང་དུ་སློབ་མས་ཁྲོམ་སྐོར་ངོ་རྒོལ་དང་ཞི་བའི་སྐད་འབོད།  རེབ་གོང་དུ་སློབ་མས་ཁྲོམ་སྐོར་ངོ་རྒོལ་དང་ཞི་བའི་སྐད་འབོད། རེབ་གོང་དུ་སློབ་མས་ཁྲོམ་སྐོར་ངོ་རྒོལ་དང་ཞི་བའི་སྐད་འབོད།  རེབ་གོང་དུ་སློབ་མས་ཁྲོམ་སྐོར་ངོ་རྒོལ་དང་ཞི་བའི་སྐད་འབོད། 

ལམ་མདོ་ཁག་དང་སྲིད་གཞུང་ལས་ཁུངས་ཁག་གི་སྒོ་འགྲམ་བཅས་ན་དྲག་ཆས་ཉེན་རྟོག་པ་སོགས་ཡོད་པ་ལས། སློབ་མའི་ལས་འགུལ་འདིར་ཐད་ཀར་དམ་དྲག་སོགས་ཀྱི་གནས་ཚུལ་དང་གདོང་ཐུག་གནས་ཚུལ་རིགས་བྱུང་ཡོད་མི་འདུག མང་ཚོགས་མང་པོ་མཉམ་འཛོམས་བྱུང་དང་འབྱུང་བཞིན་པའི་སྒང་ཡིན་པ་དང་། གོང་གསལ་སློབ་གྲྭ་ཁག་ནི། རྨ་ལྷོ་ཁུལ་རིམ་པའི་སློབ་གྲྭ་དང་རེབ་གོང་རྫོང་རིམ་པའི་སློབ་གྲྭ་གཉིས་ཀའི་ངོ་བོ་ལྡན་པ་ཞིག་ཆགས་ཡོད་སྟབས། སློབ་མའི་ལས་འགུལ་འདིའི་ནང་། རྨ་ལྷོ་ཁུལ་གྱི་རྫོང་ཁག་བཞི་སྟེ། ཐུན་རིན་རྫོང་དང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་། ཧི་ནན་སོག་རྫོང་བཅས་རྫོང་ཁག་བཞི་ནས་ཡོང་སྟེ།་རེབ་གོང་དུ་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་སྣ་འདུས་ཀྱི་རྣམ་པ་ཞིག་ཆགས་ཡོད་འདུག  །

Menu