བདེན་པའི་མེ་ལྕེ་མེ་འཁོར་འབབས་ཚུགས་སུ་ཕེབས་བསུ་གནང་བ།བདེན་པའི་མེ་ལྕེ་མེ་འཁོར་འབབས་ཚུགས་སུ་ཕེབས་བསུ་གནང་བ།
རན་ཇི་པོ་ཏཱ་ལ་སུད་ཚོང་ཚོགས་པའི་རྒྱུན་ལས་རྣམས་པ་ནས་གནས་ཚུལ་མཁོ་སྤྲོད་གནང་དོན་དུ། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༨ ཐོག་བྷན་རྡ་ར་གཞིས་ལས་ཁང་གི་ངོ་ཚབ་རྣམ་པས་བདེན་པའི་མེ་ལྕེ་འདི་བཞིན་རན་ཅི་ས་གནས་ཀྱི་མེ་འཁོར་འབབས་ཚུགས་སུ་རྩིས་སྤྲོད་གནང་བ་ཕེབས་སྐབས། རན་ཅི་པོ་ཏཱ་ལ་སུད་ཚོང་ཚོགས་པའི་ཚོགས་གཙོ་ས་སྨོན་དགྲ་འདུལ་ལགས་དང་། དྲུང་ཆེ་བསྟན་དཔལ་ལག། དངུལ་གཉེར་དང་རྩིས་པ་ཅིག་ལྕོག་ལྷུན་གྲུབ་ལགས། ཚོགས་ཟུར་རྣམ་རྒྱལ་ལགས་དང་ཚེ་རིང་རྡོ་རྗེ་གཅུང་ལགས། འཕགས་བོད་མཛའ་ཚོགས་ཀྱི་དྲུང་ཆེ་ (Amar Nath Raj) དྲུང་གཞོན་ (Anil Kumar) བཅས་ཀྱིས་མེ་འཁོར་འབབས་ཚུགས་སུ་ཕེབས་བསུའི་མཇལ་དར་སྒྲོན་ཏེ་སྣེ་ལེན་གང་ལེགས་ཞུས་ཐུབ་པ་བྱུང་ཡོད།
འཇར་ཀནཌ་ (Jharkhand) མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སི་པི་སིངྒ (Speaker of Jharkhand legislative Assembly, C.P. Singh) འཇར་ཀནཌ་ (Jharkhand) མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སི་པི་སིངྒ (Speaker of Jharkhand legislative Assembly, C.P. Singh) འཇར་ཀནཌ་ (Jharkhand) མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སི་པི་སིངྒ (Speaker of Jharkhand legislative Assembly, C.P. Singh)འཇར་ཀནཌ་ (Jharkhand) མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སི་པི་སིངྒ (Speaker of Jharkhand legislative Assembly, C.P. Singh)
ཕྱི་ཚེས་ ༤ ཉིན་འཇར་ཀནཌ་ (Jharkhand) མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སི་པི་སིངྒ (Speaker of Jharkhand legislative Assembly, C.P. Singh) ངོ་ཐུག་ཡོང་བའི་སྙན་གསེང་ཞུས་དོན་ལྟར་ཆོག་མཆན་གནང་སྟེ་ཕྱི་ཚེས་ ༥ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩ དང་སྐར་མ་ ༡༥ ཐོག་ཁོང་དང་ལྷན་དུ་མཇལ་འཕྲད་གནང་སྟེ་སྐབས་བཅོ་ལྔའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འགྲེམས་སྤེལ་གནང་བའི་བདེན་པའི་མེ་ལྕེའི་གསར་འགོད་གསལ་བསྒྲགས་ངོ་སྤྲོད་དང་སྦྲགས། བོད་དོན་དང་འབྲེལ་བའི་བཀའ་མོལ་ལྷུག་པོ་བྱུང་ཡོད་པ་དང་ཁོང་གི་བརྒྱབ་བསྐྱོར་མཚོན་ཆེད་དུ་ས་རྟགས་དང་ལྷན་་དུ་མཉམ་བཞུགས་ཀྱིས་འདྲ་པར་ཀྱང་སྒྲོན་གནང་བ་རེད།
ཨཱལ་ཕཊ་ཨེ་ཀ་ཅོག་ (Alphat Ekka Chowk) བར་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།ཨཱལ་ཕཊ་ཨེ་ཀ་ཅོག་ (Alphat Ekka Chowk) བར་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།
ཕྱི་ཚེས་ ༦ ཉིན་རྒྱ་གར་དབྱིན་ཇི་མངའ་འོག་ཏུ་ཡོད་པའི་སྐབས་སུ་རྒྱ་གར་དཔའ་བོ་སྲོག་ཐོག་བཏང་ས་ཤཱ་ཧིརྡ་སཱ་ཐལ་སཾ་རཱག་ཅོག (Shaheed Sathal Samrag Chowk) ནས་འགོ་བཙུགས་ཏེ་ས་གནས་ཡུལ་མི་འདུས་འཛོམས་ཆེ་ཤོས་ས་་ཆ་ཨཱལ་ཕཊ་ཨེ་ཀ་ཅོག་ (Alphat Ekka Chowk) བར་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྐབས་བོད་མི་གྲངས་འབོར་བརྒྱ་ལྷག་དང་། ས་་གནས་རྒྱ་གར་ཡུལ་མི་ཁག་ཅིག ས་གནས་རྒྱ་གར་བོད་དོན་རྒྱབ་བསྐྱོར་བ་བཅས་ནས་བདེན་པའི་མེ་ལྕེ་དང་། འཕགས་བོད་གཉིས་ཀྱི་རྒྱལ་དར། བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐུ་ལུས་མཆོད་འབུལ་ཞུས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་འཕེད་དར་སྟེང་བཀོད་དེ་ལས་འགུལ་ནང་མཉམ་བཞུགས་གནང་མཁན་དང་ལྷག་པར་དུ་རང་རིགས་བོད་མི་ཚོས་གྲོང་ཁྱེར་ནང་བྱང་ཆུབ་སེམས་མཆོག་རིན་པོ་ཆེའི་སྨོན་ཚིག་འུར་འདོན་ངང་འདོན་ཏེ་ཨཱལ་ཕཊ་ཨེ་ཀ་ཅོག་དུ་སྦྱོར་མ་ཐག་རྒྱ་གར་གི་དམག་དཔོན་ཟུར་པ་ (Former General Vijay Kumar Singh, the 26th Chief of Indian Army) མཛད་འཕྲིན་ཆེད་ཕེབས་སྐབས་ཚོགས་གཙོ་དགྲ་འདུལ་ལགས་ཀྱིས་བདེན་པའི་མེ་ལྕེའི་གནད་དོན་སྐབས་བསྟུན་སྙན་གསེང་ཞུས་ཏེ་ཁོང་གིས་རྒྱབ་བསྐྱོར་ཡོད་པའི་རྣམ་པ་ཐོབ་པ་དང་ལྷན་དུ་སྐུ་པར་ཡང་སྒྲོན་གནང་།
རྒྱ་གར་གི་དམག་དཔོན་ཟུར་པ་ (Former General Vijay Kumar Singh, the 26th Chief of Indian Army)རྒྱ་གར་གི་དམག་དཔོན་ཟུར་པ་ (Former General Vijay Kumar Singh, the 26th Chief of Indian Army)རྒྱ་གར་དཔའ་བོ་སྲོག་ཐོག་བཏང་ས་ཤཱ་ཧིརྡ་སཱ་ཐལ་སཾ་རཱག་ཅོག (Shaheed Sathal Samrag Chowk) རྒྱ་གར་དཔའ་བོ་སྲོག་ཐོག་བཏང་ས་ཤཱ་ཧིརྡ་སཱ་ཐལ་སཾ་རཱག་ཅོག (Shaheed Sathal Samrag Chowk)
དེའི་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་སྐར་མ་གཅིག་རིང་ངག་བཅད་ཀྱི་ མྱ་ངན་གུས་བཏུད་གུས་བཏུད་དང་སྦྲགས། པོ་ཏཱ་ལ་སུད་ཚོང་ཚོགས་པའི་ཚོགས་གཙོ་དགྲ་འདུལ་ལགས་ཀྱིས་སྐུ་མགྲོན་གཙོ་བོ་འཕགས་བོད་མཛའ་ཚོགས་ཀྱི་དྲུང་ཆེ་ (Amar Nath) དང་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་ (Raj Kumar) ཚོང་པའི་སྡེ་ཚན་སྐུ་ཞབས་ (Ashok Kumar) དང་ (Janta Dal United) ཚོགས་མི་ (Shadish Singh) རྣམ་ལ་ཕེབས་བསུ་དང་འབྲེལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་དམིགས་ཡུལ་དང་ད་ལྟའི་ཆར་བོད་ནང་ཛ་དྲག་གི་གནས་སྟངས་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་སོགས་ངོ་སྤྲོད་རྒྱ་ཆེ་གནང་། ལྷག་པར་དུ་སྐུ་མགྲོན་གཙོ་བོ་རྣམས་ཀྱིས་རིམ་བཞིན་བདེན་པའི་མེ་ལྕེ་དང་འབྲེལ་བོད་དོན་ཐད་རྒྱབ་བསྐྱོར་ཞུ་རྒྱུའི་ཁེས་ལེན་དང་ས་གནས་ཡུལ་མི་རྣམས་ལ་བོད་དོན་ཐད་རྒྱབ་བསྐྱོར་འབོད་བསྐུལ་ཤུགས་དྲག་པོ་གསུངས། མཐར་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དང་བདེན་ཚིག་སྨོན་ལམ་བཅས་འུར་འདོན་ཞུས་སྟེ་མཇུག་བསྡོམས་སུ་འཐུས་མི་བསྟན་འཛིན་ལྷུན་གྲུབ་དང་བསྟན་སྤེལ་ལགས་རྣམ་གཉིས་ཀྱིས་རིམ་བཞིན་ཧིན་དབྱིན་གཉིས་ཐོག་སྐུ་མགྲོན་གཙོ་བོ་རྣམས་དང་ལས་འགུལ་ནང་མཉམ་བཞུགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་གསུངས་གཤད་གནང་། ལྷག་དོན་གསར་བཀོད་པ་རྣམས་ལ་འབྲེལ་བ་ཞུ་དོན་ལྟར་ལས་འགུལ་དངོས་གཞི་སྐབས་སུ་གསར་བཀོད་མང་དག་ཞིག་མཉམ་བཞུགས་བྱུང་བའི་འབྲས་བུར་ཕྱི་ཚེས་ ༧ ཉིན་ཧིན་དབྱིན་གསར་ཤོག་ཁག་ ༧ ནང་ཐོན་ཐུབ་པ་བྱུང་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།