ཡུ་རོབ་རྒྱལ་ཁབ་པཱོ་ལན་དུ་ཞུ་གཏུག

ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེེས་ ༡ ཉིན་ཡུ་རོབ་རྒྱལ་ཁབ་་པཱོ་ལན་ཡུལ་དུ་ཡོད་པའི་བོད་རིགས་ཚོ་དང་ལྷན་འཛོམས་ཀྱིས། བོད་ནང་གི་གནས་སྟངས་དང་བཙན་བྱོལ་བོད་མིའི་གནས་སྟངས་བཅས་ངོ་སྤྲོད་བྱས། ཚེས་ ༢ ཉིན་གྱི་སྔ་དྲོར་ཡུལ་འདིའི་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་མཇལ་འཕྲད་ཞུ་རྒྱུའི་ལས་རིམ་བསྒྲིགས་ཡོད་ཀྱང་། སྐབས་མཚམས་སུ་མཇལ་འཕྲད་གནང་རྒྱུའི་དུས་ཚོད་མི་འདུག་ཅེས་ལན་འབྱོར་བྱུང་བར་བརྟེན་སྔ་དྲོའི་ལས་རིམ་ཕྱིར་འགྱངས་བྱས། མཇལ་འཕྲད་མི་གནང་བའི་གནད་དོན་གང་ཡིན་ཤེས་རྟོགས་ཐུབ་མེད་ཀྱང་། ཉིན་གཉིས་ཀྱི་སྔོན་དུ་ཨི་སི་ཏོ་ནའི་ཡ་ནང་ཞུ་གཏུག་བྱེད་པའི་སྐབས་རྒྱ་ནག་གཞུང་ཚབ་ཁང་གི་འབྲེལ་ཡོད་ལས་བྱེད་ཚོས། DSCN0241ཡུལ་དེའི་གྲོས་ཚོགས་འཐུས་མི་སོགས་ལ། རྒྱ་གར་ནས་ཡོང་བའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་གཏུགས་ཚོགས་ཆུང་དང་ཐུག་འཕྲད་བྱེད་མི་ཆོག་ཅེས་ལས་འགུལ་སྤེལ་འདུག འདིའང་དེ་ལྟར་གནོན་ཤུགས་དང་བར་ཆད་གཏོང་བར་འབད་བརྩོད་བྱས་ཡོད་ཤས་ཆེ་སྙམ། ཉིན་རྒྱབ་ཆུ་ཚོད་ ༣།༣༠ ནས་ ༤།༣༠ པཱོ་ལན་ཌིའི་སྲིད་འཛིན་ཟུར་པ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྙན་གྲགས་ཅན་སྐུ་ཞབས་ལཱི་ཆི་ཝ་ལཱི་སཱ་མཆོག་གི་ཐེབས་རྩ་ཁང་དུ་འཆར་འགོད་དོ་དམ་པ་དང་འབྲེལ་ཡོད་འགན་འཁུར་བ་བཅས་དང་ལྷན་འཛོམས་ཀྱིས། བོད་ནང་གི་གནས་སྟངས་སྤྱི་དང་ལྷག་དོན་རང་ལུས་མེར་སྲེག་བྱུང་རྐྱེན་སོགས་ཞིབ་ཕྲ་ཞུས། དེ་བཞིན་བཙན་བྱོལ་དུ་བོད་མི་ཚོས་ཆོས་དང་རིག་གཞུང་གང་གི་ཆ་ནས་འབད་བརྩོན་རིམ་པ་བྱས་དང་བྱེད་བཞིན་པ་དང་། བོད་མི་ན་གཞོན་ཚོར་ཤེས་ཡོན་གྱི་ཆ་རྐྱེན་དགོས་མཁོ་ཆེ་བ་དང་། བོད་དོན་དྲིལ་བསྒྲགས་རྒྱ་ཆེ་རུ་འགྲོ་བར་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས།

ཐེབས་རྩ་ཁང་གི་ངོས་ནས་འགྲོ་གྲོན་གྱིས་འདང་ན། བོད་དང་ཡུལ་འདིའི་རིག་གཞུང་ལྷན་འཛོམས་ཟེར་བའི་བྱེད་སྒོ་དང་། བོད་དོན་དྲིལ་བསྒྲགས་ཀྱི་བང་རྩལ་འགྲན་ཞུགས། པར་རིས་འགྲེམས་སྟོན། ཆོས་ཀྱི་བྱེད་སྒོ་སྤེལ་བ་སོགས་བྱེད་འདོད་ཡོད་པའི་སྐོར་གསུངས་བྱུང་ལ། ཞུ་གཏུགས་ཚོགས་ཆུང་གི་ངོས་ནས། རང་ལུས་མེར་སྲེག་དང་འབྲེལ་བའི་པར་རིས་དང་དུས་ཐུང་བརྙན་པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་ལེན་ཆོག་པ་དང་། བོད་པ་ཚོའི་ངོས་ནས་ཆ་རྐྱེན་གང་མཁོ་སྤྲོད་ཐུབ་ན་ཞུ་ཆོག་པ་དང་། དམིགས་བསལ་འབྲེལ་ཡོད་ལས་བྱེད་དང་འགན་འཁུར་བ་ཚོ་རྡ་སར་ཕེབས་ཐུབ་ན། ཕན་ཚུན་གྲོས་བསྡུར་དང་བསམ་ཚུལ་བརྗེ་རེས་སོགས་བྱས་ན། ལས་འགུལ་དང་འཆར་འགོད་ནུས་ལྡན་ཆགས་ངེས་ཡིན་པའི་སྐོར་ཞིབ་ཕྲ་ཞུས། ཚེས་ ༣ ཉིན་གྱི་སྔ་དྲོར་Helsinki Foundation for Human Rights Adam Koziel འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཚོགས་པའི་འགན་འཛིན་ཨ་ཌམ་མཉམ་ཞུགས་ཀྱི་ཐོག་ནས་ཡུལ་འདིའི་གྲོས་ཚོགས་ཀྱི་ལས་ཁུངས་སུ་གྲོས་ཚོགས་འཐུས་མི་བྷི་ཡ་ཏཱ་ Beata མཆོག་གི་ལས་རོགས་དང་ལྷན་འཛོམས་ཀྱིས་བོད་ཀྱི་གནད་དོན་སོགས་ཞིབ་ཕྲ་འགྲེལ་བརྗོད་བྱས་ལ། དེ་བཞིན་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཨན་ཌིར་ཇི་Andrzej མཆོག་དང་ཐུག་འཕྲད་ཀྱིས་ཞུ་གཏུགས་ཚོགས་ཆུང་གི་བོད་དོན་ཞུ་གཏུགས་ཞིབ་ཕྲ་ཞུས།

ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༣ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་གཏུགས་ཆུང་གིས།

 

Menu