འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་འཁོད་སྐབས་བོད་མི་མང་དགེ་ལུགས་སྤྱི་འཐུས་རྣམ་གཉིས་ནས་ཕེབས་བསུ་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ཚེས་ ༢༧ ཉིན་གུང་ཆུ་ཚོད་ ༡།༠༠ པོའི་ཐོག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་སྐུ་འཁོར་དང་བཅས་པ་བཞུགས་སྒར་རྡ་རམ་ས་ལའི་གྷ་གྷལ་གནམ་ཐང་དུ་ཕེབས་འབྱོར་སྐབས། བོད་མི་མང་དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། གསང་ཆེན་རྒྱུད་གྲྭ་སྟོད་ཀྱི་སྐྱབས་གནས་མཁན་རིན་པོ་ཆེ་མཆོག་གིས་དབུས་པའི་གནས་བརྟན་བགྲེས་སོང་རྣམ་པ། ཕྱག་མཛོད་རྣམ་པ། རྡ་སར་གནས་བཞུགས་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་གི་ཕྱག་མཛོད། མདོ་སྨད་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་འདུག


གཞི་རྩའི་རིན་པོ་ཆེ་མཆོག་དགའ་ལྡན་ཁྲི་ལ་འཁོད་རྗེས། ཐེངས་དང་པོར་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གནང་ཞིང་། དེ་ཡང་ཕྱི་ཟླ་ ༧ པའི་ཚེས་ ༢ ནས་ ༤ བར་བཞུགས་སྒར་དུ་འཚོགས་འཆར་ཡོད་པའི་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པའི་ཆེད་དུ་ཕེབས་ཡོད་པ་རེད་འདུག