༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནང་གསལ་ལྟར་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༡ རེས་གཟའ་ཟླ་བ་ནས་ཟླ་ ༤ ཚེས་ ༡ རེས་གཟའ་པ་སངས་བར་ལས་དུས་ཉིན་གྲངས་བཅུ་གཅིག་རིང་བཞུགས་སྒར་སྤྱི་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཚུགས་གཏན་འཁེལ་སོང་ན། ཚོགས་མི་རྣམས་དུས་ཐོག་ཚོགས་བཅར་ཐོག སྤྱི་འཐུས་རྣམ་པས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༩ ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་འབྱོར་ཐོ་འགོད་འབུལ་གནང་དགོས་པ་དང། ༢༠༡༦ ཟླ་ ༣ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་དངོས་གཞིའི་འོས་འཕེན་སླད་དུས་ཚོད་ཟུར་བཅད་གནང་བ་བཅས་ཀྱི་ཚོགས་བརྡ་གསལ་བསྒྲགས་སུ། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༤ ལ་
ཕུལ།།
བརྡ་ཐོ་སྦྲིངས་ཡུལ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ།
བོད་མི་མང་སྤྱི་འཐུས་རྣམ་པ།
བཞུགས་སྒར་དབུས་ལས་ཁུངས་ཁག
གཞུང་འབྲེལ་ཚགས་ཤོག་ཁག