༄༅། །མཚུངས་མེད་ས་གནས་སོ་སོའི་ས་འཐུས་ཚོགས་གཙོ་མཆོག་ལ།
ཆེད་ཞུ། དགོངས་མངའ་ཡོད་ཤག་ལྟར། འདི་ལོའི་ཟླ་ ༣ ཚེས་ ༡༦ ནས་བཟུང་རྔ་བ་ཀིརྟི་དགོན་དང་། དེའི་ཉེ་ཁུལ་གྱི་ཞི་རྒོལ་ལས་འགུལ་ལ་རྒྱ་གཞུང་གིས་དྲག་གནོན་རྒྱུན་མཐུད་དུ་བྱས་ཏེ། ཀིརྟི་དགོན་པའི་ཉེ་རྒྱང་གང་སར་དྲག་པོས་མཐའ་བསྐོར་ནས་འགྲུལ་བཞུད་བཀག་སྡོམ་དང་། ལས་བྱེད་བརྒྱ་ཕྲག་ཁ་ཤས་དགོན་པའི་ནང་བཙན་འཛུལ་གྱིས་གྲྭ་དམངས་ལ་བརྙས་གཙེར་བརྡབ་གསིག གྲ་བ་བརྒྱ་ཕྲག་འགའ་དགོན་པ་ནས་བཙན་ཁྲིད་བྱས་པ་མ་ཟད། ལོ་ན་དྲུག་ཅུ་བརྒལ་བའི་རྒན་རྒོན་གཉིས་གཅར་རྡུང་གིས་རྐྱེན་ལམ་དུ་བཏང་བ་དང་། ད་དུང་དྲག་གནོན་མུ་མཐུད་བཞིན་པའི་གནས་སྟངས་ཧ་ཅང་ཛ་དྲག་ངང་ཡོད་སྟབས། དེ་ནས་ཁྱབ་ཁོངས་མང་ཚོགས་དང་ཚོགས་སྡེ་ཁག་སྐུལ་སློང་གིས། དཀའ་ཉེན་འོག་ཚུད་པའི་རང་རིགས་སྤུན་ཟླར་གདུང་སེམས་མཉམ་བསྐྱེད་དང་། རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལ་འབོད་སྐུལ་གྱི་ལས་འགུལ་གང་འོས་འཕྲལ་དུ་སྤེལ་དགོས་ཞེས་ཕེབས་འདུག་པ་དེ་དོན་དགོངས་འཇགས་འཚལ། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༧ ལ།
ཕུལ། །