ཚོགས་དུས་ ༦ པའི་ཉིན་ ༣ པའི་ལས་རིམ་སྙིང་བསྡུས།

རྒྱུན་ལྡན་ལྟར་སྔ་དྲོ་ཕྱག་ཚོད་ ༩:༣༠ ནས་ཚོགས་འདུ་དབུ་འཛུགས་ཀྱིས་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་སྐོར་སྐར་རྟགས་ཅན་གྱི་དྲི་བ་དང་དེ་འབྲེལ་འཕྲོས་དོན་དྲི་བ་བྱུང་ཁག་ལ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་འགྲེལ་གནང་བ་དང་། དེ་བཞིན་སྐྱབས་བཅོལ་ལག་དེབ་དང་འབྲེལ་བའི་སྟེང་འཛིན་སྐྱོང་བཀའ་ཤག་ལ་ཐུགས་སྣང་གཞེན་སྐུལ་དང་དྲི་བ་ཞུས་པ་དག་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ལན་གནང་ཡོད་པ་རེད། དེ་རྗེས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ནས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༢།༤།༡ ནས་ཕྱི་ལོ་ ༢༠༡༣།༣།༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་འགོད་འབུལ་གྱི་ཡིག་ཆ་དེ་ཉིད་སྙན་སྒྲོན་གནང་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་འཇམ་དབྱངས་བཟོད་པ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༢།༤།༡ ནས་ཕྱི་ལོ་ ༢༠༡༣།༣།༣༡ བར་གྱི་ལས་བསྡོམས་རྒྱས་པར་ཤོག་གྲངས་ ༡༧༥ ཡོད་པ་སྤྱི་འཐུས་རྒྱུན་ལས་ཀྱི་རྒྱུན་འབྲེལ་སྡེ་ཚན་གྱིས་ཞིབ་འཇུག་ཞིབ་ཚགས་ཞུས་པར་རྒྱུན་ལས་ལྷན་ཚོགས་ཐོག་བཀའ་བསྡུར་དང་འབྲེལ་གཏན་འབེབས་ཞུས་པའི་གྲུབ་དོན་སྙན་ཐོ་འགོད་འབུལ་ཞུས་པའི་ཡིག་ཆ་སྙན་སྒྲོན་ཞུས་པ་དང་སྦྲགས། ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་དང་འབྲེལ་བའི་འཕྲོས་དོན་དྲི་བ་བྱུང་ཁག་ལ་ཆོས་རིག་བཀའ་བློན་མཆོག་ནས་རེ་རེ་བཞིན་གསལ་བཤད་ལན་འདེབས་གནང་ཡོད་པ་རེད།

 

གཞན་ཡང་ནང་སྲིད་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༢།༤།༡ ནས་ཕྱི་ལོ་ ༢༠༡༣།༣།༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་འགོད་འབུལ་གྱི་ཡིག་ཆ་དེ་ཉིད་ལྗགས་ཀློག་གིས་སྙན་སྒྲོན་ཞུས། དེ་རྗེས་སྤྱི་འཐུས་པདྨ་འབྱུང་གནས་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༢།༤།༡ ནས་ཕྱི་ལོ་༢༠༡༣།༣།༣༡ བར་གྱི་ལས་བསྡོམས་རྒྱས་པར་ཤོག་གྲངས་ ༤༥༣ ཡོད་པ་སྤྱི་འཐུས་རྒྱུན་ལས་ཀྱི་འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་གྱིས་ཞིབ་འཇུག་ཞིབ་ཚགས་ཞུས་པར་རྒྱུན་ལས་ལྷན་ཚོགས་ཐོག་བཀའ་བསྡུར་དང་འབྲེལ་གཏན་འབེབས་ཞུས་པའི་གྲུབ་དོན་སྙན་ཐོ་འགོད་འབུལ་གྱི་ཡིག་ཆ་གང་དེ་སྙན་སྒྲོན་གནང་བ་དང་ཆབས་ཅིག  ཡིག་ཆ་དེའི་ཁྲོད་དུ་ནང་སྲིད་ལས་ཁུངས་སུ་དོགས་དྲི་ཁག་ ༥༦ ནང་གསེས་དང་བཅས་ཞུས་པར་ནང་སྲིད་བཀའ་བློན་མཆོག་ནས་དྲི་བ་ཁག་ ༡༨ ལ་ལན་འདེབས་གནང་ཟིན་ཡོད་པ་བཅས་ཀྱི་དེ་རིང་གི་གནས་སྙིང་དུ།

Menu