མཚོ་སྔོན་ཡུལ་ཤུལ་དགེ་འབྲོང་རྫ་སྟོད་རྫོང་དུ་གཏེར་ཁ་སྔོག་འདོན་ལ་ས་གནས་བོད་མིས་ཞི་རྒོལ་ལ་རྒྱ་གཞུང་གིས་དྲག་གནོན་བྱས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བསྒྲགས་གཏམ།

 

 

ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༦ ཉིན་བསྐྱར་དུ་ཁམས་ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་རྫོང་དུ་རྒྱ་མི་གཏེར་

ཁ་སྔོག་འདོན་པ་མང་པོ་ཞིག་ཨ་སྟོད་ཡུལ་ཚོ་དང་། སྤྱི་རྫ་ཡུལ་ཚོ། རྫ་ཆེན་ཡུལ་ཚོ་བཅས་ས་གནས་ཁག་

གསུམ་དུ་འབྱོར་ཡོད་འདུག

འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་དཔོན་པོ་དང་གཏེར་

རྐོ་རུ་ཁག་གི་ལག་ནས་ལྐོག་ཟ་རུལ་སུངས་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་

ལ་རྡོག་རོལ་བཏང་སྟེ་ད་ལོ་རྫ་ཆེན་ཕྱོགས་ཀྱི་རི་བོ་ར་འདྲའི་མགར་བ་མཆེད་བརྒྱད་ཀྱི་ཕྱོགས་དང་། སྤྱི་

རྫ་ས་ཆུང་གཞུང་ལ་སྔོན་ཕུ། ཨག་སྟོད་ནས་སྟོང་དཔོན་རྡོ་རྗེ་རབ་གསལ་བཅས་ཀྱི་རི་བོ་ནས་བརྐོ་རྩིས་

ཡིན་འདུག  རི་བོ་དེ་ཚོར་ས་ཁམས་བརྟག་དཔྱད་བྱེད་མཁན་གྱིས་བརྗོད་དོན། རི་བོ་དེ་དག་ལ་རིན་ཐང་

བྲལ་བའི་ཕ་ལམ་དཀར་པོའི་གཏེར་ཁ་ཡོད་པ་ཤེས་ནས་ངེས་པར་དུ་སྔོག་འདོན་གྱི་ལས་གཞི་དེ་སྤེལ་བར་

དགོན་པར་བཤད་དགོས་སྐོར་བརྗོད་ཡོད་འདུག

ཉིན་ཤས་སྔོན་མཚོ་སྔོན་ཞིང་ཆེན་གྱིས་རྫ་ཆེན་ནས་རྒྱལ་མཚན་དང་། བསྟན་འོད། ཨ་སྟོད་ནས་ཁེ་ཚ་བསོད་

རྡོར་དང་། ན་ག་བུ་རྫི། གཡག་སྦྲའི་ཁྲ་རྦོ། སྤྱི་རྫ་ནས་ཁྲོམ་པའི་བུ་ཁྲ་བཅས་ལ་སྔོན་ནས་འཇུ་བཟུང་བྱེད་

དགོས་པའི་ཉེན་བརྡ་བཏང་ཡོད་འདུག  དེ་རྗེས་མི་མང་གི་འགོ་འཁྲིད་ནས་རྫ་སྟོད་ས་གནས་སོ་སོའི་མི་

མང་ཚོས་རྡོག་རྩ་གཅིག་བསྒྲིལ་གྱིས་ཕོ་ཟད་མོ་དང་ལག་ཟད་དཔུང་ལ་ཐུག་ཀྱང་གཏེར་ཁ་ཅུང་ཟད་ཙམ་

བརྐོ་བཅུག་གི་མིན་བརྗོད་དེ་དེར་བསྡད་ཡོད་འདུག  རྫ་སྟོད་རྫོང་གི་ཁྲོམ་ལམ་ཡོངས་རྫོགས་དེང་སྐབས་

དམག་གིས་བསྐོར་ནས་འཇིགས་སྐུལ་དང་དྲག་གནོན་གྱི་རྣམ་པ་ཤུགས་ཆེན་སྟོན་གྱི་ཡོད་འདུག  རྫ་ཆེན་

ལ་དམག་མི་ལྔ་བརྒྱ་ལྷག་བཏང་ཡོད་པ་དང་། ས་ཕྱོགས་དེ་གསུམ་ལ་ངོ་རྒོལ་བྱེད་མཁན་རྫ་ཆེན་ལ་མི་མང་

༡༠༠༠ ཙམ་དང་།  སྤྱི་རྫ་ལ་མི་མང་ ༡༥༠༠ ལྷག་ཙམ་སླེབས་ནས་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་དང་

བཀག་འགོག་བྱས་ཡོད་པ་རེད་འདུག  སྤྱིར་ཨག་སྟོད་དུ་གཏེར་ཁ་སྔོག་འདོན་བྱེད་མཁན་རྒྱ་རིགས་ ༡༠༠

ལྷག་དང་།  རྫ་ཆེན་ལ་ ༡༥༠ ཙམ། སྤྱི་རྫའི་ཕྱོགས་ལ་ ༢༠༠ ལྷག་ཡོད་པའི་གནས་ཚུལ་ཐོན་འདུག  ཕྱི་ཚེས་

༡༦  ཉིན་རྫ་ཆེན་ཡུལ་མི་རྣམས་ལ་དྲག་ཆས་ཉེན་རྟོག་དམག་མི་ལྔ་བརྒྱ་ལྷག་འབྱོར་ནས་མི་མང་ལ་ཁྱོད་

ཚོ་རང་འགུལ་གྱིས་ཕར་སོང་། གལ་ཏེ་མ་སོང་ཚེ་འཛིན་བཟུང་དང་གསོད་རྒྱུ་ཡིན་ལུགས་ཀྱིས་འཇིགས་སྐུལ་

བྱས་ཡོད་འདུག  སྐབས་དེར་མི་མང་གིས་གསོད་བཟུང་གང་བྱས་ཀྱང་བྱོས། ཁྱོད་ཚོ་གསོད་མཁན་ངོ་མ་ཚ་

ན་ང་ཚོ་གསོད་རྒྱུ་ངོ་མི་ཚ། ང་ཚོས་བདེན་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཁྱོད་ཚོས་མཚོ་སྔོན་ཞིང་ཆེན་གྱི་

དཔོན་པོ་དང་ངན་འབྲེལ་བྱས་ནས་ལྐོག་ཟ་རུལ་སུངས་དང་། ཀྲུང་གོ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་རྡོག་རོལ་

གཏོང་བཞིན་པར་ངོ་མ་ཚ་ཡང་ང་ཚོ་ངོ་ཚ་གི་འདུག  ང་ཚོ་འདི་ནས་ཕྱིར་ལོག་བྱ་རྒྱུ་མིན། ང་ཚོས་ཁོར་

ཡུག་སྲུང་སྐྱོབ་བྱེད་པའི་དགོས་པ་འདི་ང་ཚོའི་བོད་ཀྱི་ས་ཁུལ་དང་རྫ་སྟོད་མི་མང་གི་དོན་ཙམ་མིན།

འཛམ་གླིང་མི་གྲངས་དུང་ཕྱུར་བདུན་ཅུའི་ཚེ་སྲོག་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། ཁྱོད་ཚོས་མ་

བསད་བར་དུ་འདི་ནས་འགྲོ་གི་མིན་བརྗོད་དེ་ཞི་རྒོལ་བྱས་ཡོད་འདུག  དེ་རྗེས་ཉེན་རྟོག་དམག་མིས་

དྲག་ལས་ཀྱི་སྒོ་ནས་མི་མང་ཁྲོད་དུ་དུག་རྫས་གཡུགས་པས་མི་མང་ཚང་མ་དྲན་མེད་དུ་གྱུར། དྲན་པ་

སོས་ཏེ་མི་སུ་ཡར་ལངས་ཚེ་དེར་གློག་རྒྱུག་རེ་གཞུས་པ་སོགས་མི་སྤྱོད་ལས་འདས་པའི་རྡུང་རྡེག་མནར་

གཅོད་ཚད་ལས་འདས་པ་བཏང་ཡོད་འདུག  རྨས་སྐྱོན་ཕོོག་པའི་མི་མང་ནི་གྲངས་ལས་འདས་པ་བྱུང་

ཡོད་འདུག  ཡང་དེའི་རྗེས་སུ་བོད་ནང་གི་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་ལ་ཨག་སྟོད་མི་མང་ལ་

དྲག་གནོན་བྱ་འགོ་བཙུགས་ཡོད་འདུག  མི་མང་ཁྲོད་དུ་དུག་རྫས་གཡུགས་པ་དང་། གློག་རྒྱུག་སྤྱོད་

པ་དང་། མེ་མདའ་བརྒྱབས་ཏེ་མི་མང་མང་པོར་རྨས་སྐྱོན་ཚབས་ཆེན་བཏང་ཡོད་འདུག

 

 

དེ་རྗེས་རྒྱ་གཞུང་གི་རྒྱུགས་ཁྱི། ཕ་ས་དགྲ་ལག་ཏུ་འཇོག་མཁན། ལྟ་བ་དང་ལངས་ཕྱོགས་རྒྱ་མི་ལས་ཀྱང་

སྡུག་པའི་བོད་མི་ཚེ་མགོན་ཟེར་བ་དེས་མེ་མདའ་ནམ་མཁའ་ལ་འཕངས་ཏེ་ད་ཁྱོད་ཚོས་ཉོན་དང་། རྒྱ་

གུང་ཁྲན་ལ་ཁ་གཏད་ལངས་ན་ག་འདྲ་འདུག  མདོར་ན་ཞིང་ཆེན་དང་། ཁུལ། རྫོང་སྲིད་གཞུང་བཅས་

ཀྱིས་གཏེར་རྐུན་རུ་ཁག་ལ་རྒྱབ་སྐྱོར་བྱས་ནས་རྫ་སྟོད་དང་། ཨག་སྟོད་མང་ཚོགས་ལ་དྲག་དམག་གིས་

དུག་མདའ་དང་། དུས་རྫས་མེ་མདའི་ཁ་གྲི་སོགས་བཙུགས་ནས་རྡུང་རྡེག་དྲག་གནོན་ཚད་ལས་འདས་

པ་བཏང་མཐར། ཕ་གཞིས་ཀྱི་གཏེར་ཁ་སྔོན་འགོག་བྱ་མ་ཐུབ་ཀྱང་། མི་དམངས་རྣམས་ཀྱིས་སེམས་ཤུགས་

མ་ཆག་པར་གདོང་ལེན་བྱས་མཐར་དགོང་མོར་ཕོ་མོ་བརྒྱད་ཙམ་འཛིན་བཟུང་བྱས་ཡོད་འདུག  མ་ཚད།

ཁ་ཚེ་བསོད་རྡོར་ལགས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག  གཞན་ཡང་དཔའ་བོ་སོག་པོ་ཆོས་འགྲུབ་

ལགས་ཀྱིས་སོ་སོའི་གཟུགས་པོར་གྲི་ཐེངས་གཉིས་བརྒྱབས་ནས་རང་སྲོག་གཅོད་རྩིས་བྱས་པའི་དམིགས་

ཡུལ་ནི། གནས་ཚུལ་འབྱོར་གསལ་ལྟར་ན། ཁོང་གིས་གསུངས་དོན། གྲོགས་པོ་ཚོས་གཟིགས་ཞིབ་རེ་མཛོད་

དང་། ཁུལ་རྫོང་གི་འགོ་འཁྲིད་དག་གི་ལས་སྟངས་འདི་འདྲ་རེད།  རྒྱལ་ཡོངས་གཏན་འབེབས་བྱས་པའི་

ཁོར་ཡུག་སྲུང་སྐྱོབ་བྱེད་དབང་མེད་པར་མ་ཟད། ང་ཚོའི་ཕུ་ནུ་མིང་སྲིང་ཚང་མ་དུག་སྒྱོགས་ཀྱིས་བསད་

ཟིན་བསམ་ནས། ད་ཤི་ན་དགའ་འདུག་བསམ་ནས་རང་སྲོག་གཅོད་པའི་ལས་ལ་ཞུགས་པ་ཡིན། སྟབས་མ་

ལེགས་པ་ཞིག་ལ་ཤི་ཐུབ་མ་སོང་གསུངས་འདུག

ཐེངས་འདིར་རྫ་སྟོད་རྫ་ཆེན་གྱི་མི་མང་ལ་རྒྱ་གཞུང་གིས་དྲག་གནོན་ཚབས་ཆེན་བྱས་པས། ས་གནས་ཡུལ་

མི་ཞིག་གི་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྫ་སྟོད་རྫོང་གི་སྨན་ཁང་གཅིག་གི་ནང་དུ་རྨས་སྐྱོན་ཕོག་

པའི་མི་གྲངས་ ༤༠ ཙམ་འདུག  སྨན་ཁང་གཞན་དག་ལ་ག་ཚད་ཡོད་མེད་ཤེས་རྟོགས་མ་ཐུབ། གང་

ལགས་ཟེར་ན། དྲག་ཆས་དམག་མིས་གཞུང་ལམ་ཆ་ཚང་བཀག་སྟེ་ཡར་སྐྱོད་མར་འགྲོ་ཙམ་ཡང་ཁག་པོ་

རེད་ཅེས་གསུངས་འདུག

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱ་ཁབ་ཀྱི་རྩ་ཁྲིམས་ནང་དུ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱ་གལ་ཆེ་བའི་སྐོར་

འཁོད་ཡོད་མོད། དོན་དངོས་ཐོག་རྩ་ཁྲིམས་ཀྱི་ནང་དོན་ལ་བརྩི་མེད་རྡོག་རོལ་གྱིས་བོད་མིས་རང་གི་ཆོས་

དང་། འཇིག་རྟེན་གང་ཐད་ཀྱི་ཐོག་ནས་རང་གི་ཚེ་སྲོག་ལས་གཅེས་པར་འཛིན་པའི་རྩ་ཆེའི་ཁོར་ཡུག་ལ་

རྒྱ་དམར་དྲག་དཔུང་དང་བཅས་ཀྱིས་འཆར་གཞི་ལྡན་པ་དང་། འཛེམས་བག་མེད་པའི་ངང་ནས་གཏོར་

སྐྱོན་གཏོང་འཆར་དང་། དེར་ས་གནས་མི་མང་གི་འདོད་བབ་ཡེ་ནས་མ་བྱུང་བར་ཞི་བའི་འགོག་རྒོལ་

བྱེད་པར་ཡང་དྲག་གནོན་བྱེད་པ་བཅས་ནི་འགྲོ་བ་མིའི་བག་ཡོད་ཀྱི་ཀུན་སྤྱོད་ལས་འདས་ཤིང་། ཧ་ཅང་

བློ་ཕམ་པའི་གནས་ཤིག་ཡིན། བོད་ཀྱི་རང་བྱུང་ཁོར་ཡུག་དེ་དག་གིས་རྒྱ་བོད་གཙོས་སྐྱེ་འགྲོ་དུང་ཕྱུར་

མང་པོའི་འཕྲལ་ཕུགས་ཀྱི་འཚོ་གནས་དང་འབྲེལ་བའི་དམིགས་བསལ་གནས་བབ་བཟུང་ཡོད་པས། རྒྱལ་

སྤྱིའི་གཞུང་མང་ཁྱོན་ཡོངས་ནས་རྒྱ་ནག་གཞུང་ལ་ཁོར་ཡུག་གཏོར་སྐྱོན་གྱི་ལས་གཞི་དང་། དེ་དང་

འབྲེལ་བའི་བོད་མིར་དྲག་གནོན་བྱ་རྒྱུ་མྱུར་དུ་མཚམས་འཇོག་དགོས་པའི་གནོན་ཤུགས་འཕྲལ་ནས་

མྱུར་དུ་སྤྲོད་གནང་ཡོང་བའི་རེ་འབོད་ཤུགས་དྲག་ཞུ་བཞིན་ཡོད།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས།

ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༠ ཉིན་ལ།  །