མདྷ་ར་སི་གཙུག་ལག་སློབ་གཉེར་ཁང་གི་སྲིད་དོན་ཚན་རིག་དང་འཛིན་སྐྱོང་སྡེ་ཚན་ཐོག་སློབ་གཉེར་གནང་མཁན་སློབ་གཉེར་བ་ ༧༠ དང་སློབ་དཔོན་འམ་རིག་འཛིན་རྐང་འཛིན་པ་ ༥ བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་གྲོས་ཚོགས་ཚོགས་ཁང་དུ་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་མདྷ་ར་སི་གཙུག་ལག་སློབ་གཉེར་ཁང་ (University of Madras) གི་སྲིད་དོན་ཚན་རིག་དང་འཛིན་སྐྱོང་སྡེ་ཚན་ཐོག་སློབ་གཉེར་གནང་མཁན་སློབ་གཉེར་བ་ ༧༠ དང་སློབ་དཔོན་འམ་རིག་འཛིན་རྐང་འཛིན་པ་ ༥ བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་གྲོས་ཚོགས་ཚོགས་ཁང་དུ་མཇལ་འཕྲད་གནང་།

དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་ཁོང་རྣམ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་སྐོར་དང་། འདས་པའི་བོད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ངོ་སྤྲོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་། དེ་བཞིན་ལོ་འཁོར་གཅིག་གི་གྲོས་ཚོགས་ཚོགས་དུས་གཉིས་དང། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་སྐོར། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱི་སྐོར་ངོ་སྤྲོད་གནང་།

བོད་རྒྱ་མིའི་བཙན་འཛུལ་མ་བྱེད་སྔོན་ཀྱི་ལོ་རྒྱུས་དང་འཛམ་གླིང་ནང་ᨊགོང་ས་མཆོག་གི་མཛད་འཕྲིན་བསྐྱང་བཞིན་པའི་སྐོར་ལ་གསལ་བཤད་དང། རྒྱ་དར་དང་བོད་བར་གྱི་འབྲེལ་ལམ་དམ་ཟབ་ཡོད་པའི་འགྲེལ་བཤད་གནང་སྐབས་ཁོང་གིས་“འཕགས་བོད་གཉིས་ས་འབྲེལ་དང་ཆོས་རིག་གྱི་འབྲེལ་བ་ཡོད་པ་ཙམ་དུ་མ་ཟད། བོད་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲིད་བཙན་པོའི་སྐབས་སོགས་ནས་བྲེལ་ལམ་དམ་ཟབ་ཡོད་པ་རེད་” ཅེས་གསུངས།

དེ་བཞིན་ཁོང་གྱི་རྒྱ་བོད་གཉིས་ཀྱི་བཀའ་རྙོག་གསེལ་ཆེད་ཐབ་ལམ་བཟང་ཤོས་ནི་གྲོས་མོལ་བྱ་རྒྱུ་ཡིན་པའི་སྐོར་ཡང་གསུངས།
དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་ནས་ཁོང་རྣམས་ལ་བོད་ཀྱི་འདས་པའི་དངོས་ཡོད་ཀྱི་ལོ་རྒྱུས་དང་དངོས་བདེན་ལ་ཞིབ་འཇུག་གིས་བོད་དོན་ཐོག་མ་འོངས་པར་རྒྱབ་སྐྱོར་གང་ཐུབ་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་། བོད་དོན་དང་བོད་ཀྱི་རིག་གཞུང་ཐོག་ཤེས་རྟོགས་གནང་བར་ཐུགས་རྗེ་ཆེ་ཞུས་གནངᨋ᪠་བཅས་ཀྱི་གནས་ཚུལ་དུ།།

Menu