མངའ་སྡེ་ཁག་དགུར་བསྐོར་བསྐྱོད་ཀྱིས་བོད་དོན་ཞུ་གཏུགས་ལས་འགུལ་མཇུག་བསྡུ་གནང་།

 

མངའ་སྡེ་ཁག་དགུར་བསྐོར་བསྐྱོད་ཀྱིས་བོད་དོན་ཞུ་གཏུགས་ལས་འགུལ་མཇུག་བསྡུ་གནང་། མངའ་སྡེ་ཁག་དགུར་བསྐོར་བསྐྱོད་ཀྱིས་བོད་དོན་ཞུ་གཏུགས་ལས་འགུལ་མཇུག་བསྡུ་གནང་། 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀོད་ཁྱབ་བཞིན་རྒྱ་གར་རྒྱལ་ཡོངས་མངའ་སྡེ་ཁག་ཏུ་ཆ་བགོས་གནང་བའི་བྱང་ཕྱོགས་ཞུ་གཏུགས་ལས་འགུལ་ཚོགས་ཆུང་གིས་མངའ་སྡེ་ཁག་དགུའི་རྒྱལ་ས་དང་གྲོང་ཁྱེར་ཁག་ཅིག་བཅས་སུ་བོད་དོན་ཞུ་གཏུགས་དང་། ཁྲོམ་སྐོར། མཆོད་འབུལ་སྨོན་ལམ། གསར་འགོད་གསལ་བསྒྲགས་སོགས་ཀྱི་ལས་འགུལ་སྤེལ་ཏེ་ཕྱི་ཚེས་༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གྱི་གཙོ་བོར་དབུ་བཞུགས་ཐོག་ལས་འགུལ་མཇུག་བསྡུའི་མཛད་སྒོ་རྡ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་དུ་གནང་ཡོད་པ་རེད།

མངའ་སྡེ་ཁག་དགུར་བསྐོར་བསྐྱོད་ཀྱིས་བོད་དོན་ཞུ་གཏུགས་ལས་འགུལ་མཇུག་བསྡུ་གནང་།མངའ་སྡེ་ཁག་དགུར་བསྐོར་བསྐྱོད་ཀྱིས་བོད་དོན་ཞུ་གཏུགས་ལས་འགུལ་མཇུག་བསྡུ་གནང་།བྱང་ཕྱོགས་ཞུ་གཏུགས་ལས་འགུལ་ཚོགས་ཆུང་གིས་ཕྱི་ཚེས་༧ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡ སྟེང་རྡ་ཤོད་རྒྱ་གར་འཚིག་ཇ་གསོལ་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་བ་དང་། རྒྱ་གར་དང་བོད་པའི་གསར་འགོད་པ་སུམ་ཅུ་ལྷག་ཅིག་འཛོམས་སར་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་གིས་ཧིན་རྡུའི་སྐད་ཡིག་སྟེང་བོད་དོན་གསར་འགོད་གསལ་བསྒྲགས་དང་། སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་དབྱིན་ཡིག་སྟེང་བོད་དོན་གསར་འགོད་དྲིལ་བསྒྲགས་གནང་། ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ཀྱི་གསར་འགོད་པ་ཚོར་ཚོགས་ཆུང་ཆ་བགོས་ཀྱིས་ཞུ་གཏུགས་ལས་འགུལ་སྤེལ་བའི་བརྒྱུད་རིམ་སོགས་ངོ་སྤྲོད་གནང་། གསར་འགོད་པ་རྣམས་ཀྱི་དྲི་བར་དྲིས་ལན་སོགས་གནང་ཡོད་པ་རེད།

དེ་བཞིན་རྡ་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་གོ་སྒྲིག་གནང་དོན་བཞིན་དགོང་དྲོ་ཆུ་ཚོད་༥ ཕྱེད་ཀའི་སྟེང་མེག་གྷན་རླངས་འཁོར་འབབ་ཚུགས་ནས་ཐེག་ཆེན་གཙུག་ལག་ཁང་བར་ཞུ་གཏུགས་ཚོགས་ཆུང་གི་སྤྱི་འཐུས་རྣམ་པས་དབུ་ཁྲིད་ཐོག་མར་མེ་ཁྲོམ་སྐོར་གནང་ཡོད་འདུག

ཐེག་ཆེན་གཙུག་ལག་ཁང་དུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཞབས་མི་རམ་ས་ཀར་སོགས་མཉམ་ཞུགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་བ་དག་གིས་གཙོ་བོས་བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་སྐར་མ་གཅིག་རིང་མྱ་ངན་ངག་བཅད་གནང་འདུག

མངའ་སྡེ་ཁག་དགུར་བསྐོར་བསྐྱོད་ཀྱིས་བོད་དོན་ཞུ་གཏུགས་ལས་འགུལ་མཇུག་བསྡུ་གནང་།མངའ་སྡེ་ཁག་དགུར་བསྐོར་བསྐྱོད་ཀྱིས་བོད་དོན་ཞུ་གཏུགས་ལས་འགུལ་མཇུག་བསྡུ་གནང་།

ཚོགས་ཆུང་གི་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་ཀྱིས་མངའ་སྡེ་ཁག་ཏུ་བོད་དོན་ཞུ་གཏུགས་བསྐོར་བསྐྱོད་དང་འབྲེལ་བའི་གསུང་བཤད་གནང་བ་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཞབས་མི་རམ་ས་ཀར་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བཀའ་སློབ་གསུང་བཤད་དང་། ལས་འགུལ་ཚགས་ཚུད་དང་དོན་ཕན་ལྡན་པ་གནང་འདུག་པར་སྤྱི་འཐུས་རྣམ་པར་བསྔགས་བརྗོད་ཀྱང་གནང་སོང་།

སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་མཇུག་བསྡོམས་དང་འབྲེལ་བའི་ཐུགས་རྗེ་ཆེ་ཞུས་གསུང་བཤད་གནང་བ་དང་། བདེན་ཚིག་སྨོན་ལམ་དབྱངས་འཐེན་གྱིས་བྱང་ཕྱོགས་ལས་འགུལ་ཚོགས་ཆུང་གིས་མངའ་སྡེ་ཁག་དགུའི་ནང་ཞུ་གཏུགས་བསྐོར་བསྐྱོད་ཀྱི་ལས་འགུལ་གྲུབ་སྟེ་བདེ་ལེགས་ངང་མཇུག་བསྡུ་གནང་ཡོད་པ་རེད།

མངའ་སྡེ་ཁག་དགུར་བསྐོར་བསྐྱོད་ཀྱིས་བོད་དོན་ཞུ་གཏུགས་ལས་འགུལ་མཇུག་བསྡུ་གནང་།མངའ་སྡེ་ཁག་དགུར་བསྐོར་བསྐྱོད་ཀྱིས་བོད་དོན་ཞུ་གཏུགས་ལས་འགུལ་མཇུག་བསྡུ་གནང་།

གནས་ཚུལ་མཁོ་གཏོང་བ་རྨོག་རུ་བསྟན་པ།

Menu