དཔལ་ལྡན་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་གཞུང་འབྲེལ་གྲོས་ ཆོད་ཡིག་ཆ་ཨང་ ༤༡ པའི་དགོངས་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་ དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དུམ་བུ་གཉིས་པའི་དོན་ཚན་ ༡༢༠ དང་ ༡༢༡ ནང་གསལ་རྩིས་ ཞིབ་སྙན་ཐོ་ཁག་ལ་ཞིབ་འཇུག་དང་མཇུག་སྐྱོང་དུས་ཐོག་ཞིབ་ཚགས་ཡོང་ཆེད་དུ་མང་ཚོགས་རྩིས་ཁྲའི་ ཚོགས་ཆུང་ཞིག་བསྐོ་འཛུགས་དགོས་པ་ལྟར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༥ ཉིན་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས། སྤྱི་འཐུས་བུ་མོ་ཚེ་རིང་ལགས། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ ལགས་བཅས་ལ་དམིགས་འཛུགས་བསྐོ་གཞག་གནང་ཡོད་ཀྱང་། གོང་གསལ་ཚོགས་ཆུང་གི་ཚོགས་མི་སྤྱི་ འཐུས་བུ་མོ་ཚེ་རིང་ལགས་དང་། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས། སྤྱི་འཐུས་འཇིགས་མེད་འབྱུང་གནས་ ལགས་བཅས་མཛད་བྲེལ་གཞན་དབང་གིས་སྔ་རྗེས་སུ་དགོངས་ཞུ་གནང་སོང་བའི་ཚབ་ཏུ། དཔལ་ལྡན་ ཚོགས་གཙོ་སྦྲེལ་པོ་མཆོག་གིས་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། སྤྱི་འཐུས་རྨོག་ རུ་བསྟན་པ་ལགས། སྤྱི་འཐུས་མཁན་པོ་ནོར་བུ་ཚེ་རིང་ལགས་བཅས་ལ་རིམ་པའི་བསྐོ་གཞག་གནང་བ་ ལྟར། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༩ ཉིན་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་སྤྱི་འཐུས་དགེ་ བཤེས་སྨོན་ལམ་མཐར་ཕྱིན་ལགས་ཚོགས་ཆུང་གི་ཚོགས་གཙོ་དང་། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་ མཚན་ལགས་ཚོགས་ཆུང་གི་དྲུང་ཆེར་སྤྱི་མོས་ཀྱིས་གཏན་འཁེལ་བྱུང་ཏེ། དཔལ་ལྡན་ཚོགས་གཙོ་སྦྲེལ་ པོའི་བཀོད་ཁྱབ་གཞིར་བཟུང་བོད་མིའི་སྒྲིག་འཛུག་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ཞིབ་སྙན་ ཐོ་དང་དེའི་ལན་འདེབས་སོགས་ལ་ཞིབ་འཇུག་གི་ལས་དོན་འགོ་འཛུགས་ཞུས་པ་དང་། ཞིབ་འཇུག་གི་ ལས་དོན་འགྲོ་བཞིན་པའི་བར་སྐབས་སུ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་མཁན་པོ་ནོར་བུ་ཚེ་རིང་ ལགས་མཛད་བྲེལ་གཞན་དབང་གིས་དགོངས་ཞུ་གནང་བའི་ཚབ་ཏུ་སྤྱི་འཐུས་གངས་ལྷ་མོ་ལགས་ བསྐོ་གཞག་གིས་ལས་དོན་དུ་ཞུགས་པ་དང་། དེ་རྗེས་སྤྱི་འཐུས་གངས་ལྷ་མོ་ལགས་ཀྱང་མཛད་བྲེལ་ གཞན་དབང་གིས་དགོངས་ཞུ་གནང་བའི་ཚབ་ཏུ་སྤྱི་འཐུས་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས་ ལགས་བསྐོ་གཞག་གིས་ཞིབ་འཇུག་ལས་དོན་དུ་མཉམ་ཞུགས་གནང་ཡོད།
འོན་ཀྱང་བར་ལམ་ཞིག་ནས་བོད་ནང་གི་གནས་སྟངས་ཉིན་རེ་ནས་ཉིན་རེ་བཞིན་ཛ་དྲག་ཇེ་ཆེར་ སོང་སྟེ་རང་ཕྱོགས་ནས་དེ་བསྟུན་གྱི་ལས་འགུལ་སྣ་མང་སྤེལ་ཆེད་ཚོགས་ཆུང་གི་ཚོགས་མི་རྣམས་ ཀྱང་མཉམ་ཞུགས་གནང་དགོས་པར་བརྟེན། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༤ ཉིན་ནས་བཟུང་ཚོགས་ ཆུང་རེ་ཞིག་མཚམས་འཇོག་གནང་དགོས་བྱུང་བ་དང་། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༩ ཉིན་དཔལ་ ལྡན་ཚོགས་གཙོ་སྦྲེལ་པོས་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༥ པའི་ གཞུང་འབྲེལ་གྲོས་ཆོད་ཨང་ ༡༩ པའི་དགོངས་དོན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༥ པ་ བསྐྱར་བསྐོ་གནང་རྒྱུའི་མི་འགྲོར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་ སྒྲོལ་མ་ཚེ་རིང་ལགས། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ ལགས། སྤྱི་འཐུས་རྒྱ་རིགས་ཐར་ལགས་བཅས་ལ་དམིགས་འཛུགས་བསྐོ་གཞག་གནང་བ་ལྟར། ཚོགས་ ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་བསྐྱར་དུ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ ལགས་ཚོགས་ཆུང་གི་ཚོགས་གཙོ་དང་། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཚོགས་ཆུང་ གི་དྲུང་ཆེར་སྤྱི་མོས་བྱུང་སྟེ། དུས་ཡུན་ལོ་གཅིག་ཙམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ ལག་སོགས་སྡེ་ཚན་ ༡༢༠ ཡི་རྩིས་ལོ་ ༢༠༡༠་་་༡༡ སོགས་ཀྱི་རྩིས་ཞིབ་སྙན་ཐོ་དང་དེའི་ལན་འདེབས། བཀའ་ཤག་ནས་གྲོས་ཚོགས་སུ་གནང་བའི་ལན་འདེབས། དེ་དག་གི་རྒྱབ་ལྗོངས་ཟུར་འཛར། ཚོགས་ ཆུང་ནས་འབྲེལ་ཡོད་སྡེ་ཚན་སོ་སོར་ཕུལ་བའི་དོགས་འདྲི་ཁག་གི་ལན་འདེབས་དང་བཅས་ལ་ཞིབ་ འཇུག་མཐིལ་ཕྱིན་གནང་སྟེ། མཐའ་འཇུག་ཚོགས་ཆུང་གི་ལས་བསྡོམས་དང་ཞིབ་འཇུག་གྲུབ་དོན་ སྙན་ཐོ་བཅས་བསྡོམས་ཤོག་གྲངས་ ༢༡༦ ཅན་ཞིག་དང་། ཚོགས་ཆུང་གི་ཞིབ་འཇུག་དང་འབྲེལ་བའི་ ཡིག་ཆ་བཅས་ཁྱོན་ཡིག་སྣོད་གྲངས་ ༡༢ ཕྱི་ལོ་ ༢༠༡༣ ཟླ ༩ ཚེས་ ༥ ཉིན་ཚོགས་དྲུང་ལས་ཁུངས་སུ་ ཕུལ་འབྱོར་བྱུང་བ་དང་། ཚོགས་ཆུང་གི་ཞིབ་འཇུག་སྙན་ཐོར་འཛིན་སྐྱོང་ནས་འགན་འཁུར་དང་ མཇུག་གནོན་གནང་ཕྱོགས་སྐོར་རིང་མིན་ཕྱི་ཟླ་ ༩ པའི་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་ དུས་ ༦ པའི་ཐོག་གྲོས་ཆོད་སྣོལ་འཇོག་གནང་རྒྱུ་ཡིན་པ་ལྟར། མ་འོངས་བོད་མིའི་སྒྲིག་འཛུགས་ཀྱི་སྡེ་ ཚན་མ་ལག་དང་བཅས་པའི་རྩིས་ཀྱི་གནས་སྟངས་སྔར་བས་ཡར་རྒྱས་ཚགས་ཚུད་དུ་འགྲོ་རྒྱུའི་རེ་བ་ ཡོད་འདུག་པ་བཅས། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་༥ ལ། |