མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོ་མཇུག་སྐྱོང་།

སྤྱི་འཐུས་རྒྱུན་ལས་རྣམ་པ་རེས་གཟའ་མིག་དམར་དང།  ཕུར་བུ་གཉིས་སུ་འཆར་ཅན་ལྷན་ཚོགས་གནང་གི་ཡོད་པ་དང།  ཛ་དྲག་དང་དགོས་གལ་སྐབས་རྒྱུན་ལས་འཕར་ཚོགས་གནང་གི་ཡོད།  ད་ལམ་ ༢༠༡༤ ཟླ་ ༨ ཚེས་ ༡༣ ཉིན་རྒྱུན་ལས་འཕར་ཚོགས་ཀྱིས།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༥ པའི་སྙན་ཐོར་འཛིན་སྐྱོང་བཀའ་ཤག་གིས་བདའ་འདེད་མཇུག་སྐྱོང་ཇི་གནང་གི་སྙན་ཐོ་ཕུལ་འབྱོར་བྱུང་བར་སྤྱི་འཐུས་རྒྱུན་ལས་ནས་མཇུག་སྐྱོང་ཞིབ་ཚགས་ཇི་ཞུས་ཀྱི་ལས་བསྡོམས་སྙན་ཐོ་རགས་ཟིན་ཆ་ཚང་སྙན་སྒྲོན་དང་སྦྲགས་གཏན་འབེབས་གནང་ཞིང།  རིང་མིན་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཆོད་ཚོགས་དུས་ ༨ པའི་ཐོག་འབུལ་ལམ་ཞུ་རྒྱུ་ཡིན་པ་རེད།

དེ་བཞིན་ ༢༠༡༤ ཕྱི་ཟླ་ ༨ ཚེས་ ༡༤ རེས་གཟའ་ཕུར་བུ་འཆར་ཅན་རྒྱུན་ལས་ལྷན་འཛོམས་ཀྱིས་རྒྱུན་གྱི་ཡིག་འབྲེལ་སོགས་ཀྱི་ཐོག་བཀའ་བསྡུར་དང།  མང་གཙོའི་དུས་དྲན་ཐེངས་ ༥༤ པའི་ཐོག་གནང་རྒྱུའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་རགས་ཟིན་འགོད་འབུལ་ཡོད་པའི་ཐོག་བཀའ་བསྡུར་དང་འབྲེལ་གཏན་འབེབས་གནང་ཡོད་པ་རེད།  ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༤ ལ།།

tsokchu
རྒྱུན་ལས་ལྷན་ཚོགས་གནང་བཞིན་པ།
tsokchu1
རྒྱུན་ལས་ལྷན་ཚོགས་གནང་བཞིན་པ།
tsokchu2
རྒྱུན་ལས་ལྷན་ཚོགས་གནང་བཞིན་པ།