མང་གཙོའི་དུས་དྲན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་སོགས་ཀྱིས་སྤྱི་ནོར་༸གོང་༸སྐྱབས་མགོོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་པ།

 

 

_dsc0512

ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢ ཉིན་བོད་མིའི་མང་གཙོའི་དུས་དྲན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Shri Mukut Mithi མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Shri Arun Kumar མཆོག གཞན་ཡང་སྐུ་ཞབས་ Shri K D Singh མཆོག་བཅས་རྣམ་པ་གསུམ་གདན་ཞུས་ལྟར་ཕེབས་ཡོད་ཅིང་། དེ་ཉིན་དུས་དྲན་གྱི་མཛད་སྒོའི་གོང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་ཁོང་རྣམ་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་སྙན་གསན་ཞུས་དོན་ལྟར་བཀའ་དྲིན་ཆེ་འཐོབ་བཞིན་སྤྱི་ལྷན་ཚོགས་གཙོ་སྦྲེལ་པ་མཆོག་གི་ལྷན་མཇལ་ཁ་ཞུས་གནང་ཡོད་པ་རེད། སྐབས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་སྐུ་མགྲོན་རྣམ་པར།

 

ངེད་ཅག་བོད་མི་རྣམས་ནི་དགེ་ཕྲུག་དང་རྒྱ་གར་བ་རྣམས་ནི་ང་ཚོའི་དགེ་རྒན་ཡིན། ད་ལྟའི་ཆར་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པར་ཁྱེད་རྣམ་པས་སྔར་ནས་བོད་མི་ཚོར་རོགས་རམ་དང་རྒྱབ་སྐྱོར་གནང་ཡོད་ལ། མ་འོངས་པར་ཡང་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་ཐུགས་རེ་གནང་གི་ཡོད་ཅེས་ཕེབས་ཡོད་པ་དང་། ཁོང་རྣམ་པ་གསུམ་ནས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མིའི་ངོས་ནས་བོད་དོན་ཐད་གྲོས་ཆོད་འཇོག་གནང་ཁག་ཇི་ཡོད་༸གོང་ས་མཆོག་ལ་སྤྱན་འབུལ་དང་། མ་འོངས་པར་༸གོང་ས་མཆོག་གི་བཀའ་བཞིན་རྒྱབ་སྐྱོར་གནང་གི་ཡིན་ཞེས་ཞུས་གནང་ཡོད་པའི་གནས་ཚུལ་སྙིང་བསྡུས་སུ།།

_dsc0483

 

Menu