མ་སུ་རིའི་ Woodstock སློབ་ཕྲུག་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

DSC04562༄༅། །མ་སུ་རིའི་ཝུཌ་སཊོག་ (Wood Stock) སློབ་གྲྭའི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་མ་འགའ་ཤས་སློབ་གྲ་དེའི་འབྲེལ་མཐུད་པ་སྐུ་ཞབས་ཐུབ་བསྟན་ཆོས་འཕེལ་ལགས་དང་། ལས་བྱེད་ཕུན་ཚོགས་སྒྲོལ་མ་ལགས་གཉིས་ཀྱིས་སྣེ་འཁྲིད་ཐོག་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༡ ནས་ ༡༧ བར་བོད་ཀྱི་རིག་གཞུང་དང་། རྒྱལ་རབས། ཆོས། བོད་ཀྱི་གནས་སྟངས་བཅས་སྐོར་མཁྱེན་རྟོགས་ཆེད་རྡ་སར་ཕེབས་ཡོད་པ་དང་། དུས་ཚོད་དེའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁག་ཏུ་གཟིགས་སྐོར་དུ་ཕེབས་པ་དང་། ཕྱི་ཚེས་ ༡༤ སྔ་དྲོ་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་མཇལ་འཕྲད་དང་སྦྲགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཀྱི་འགྲོ་ལུགས་དང་། མང་གཙོ། བོད་ནང་གི་ཛ་དྲག་གནས་སྟངས་བཅས་སློབ་མ་རྣམས་ལ་ངོ་སྤྲོད་དང་འབྲེལ་བཀའ་སློབ་གནང་ཡོད་པ་རེད། ཁོང་ཚོ་ད་རེས་རྡ་སར་ཕེབས་པ་ཐེངས་དང་པོ་ཡིན་འདུག

DSC04571

 

 

 

Menu