བྷོ་པལ་གྲོང་ཁྱེར་ནང་བོད་དོན་མར་མེ་ཁྲོམ་སྐོར།

 

བྷོ་པལ་གྲོང་ཁྱེར་ནང་ཞུ་གཏུག་ལས་འགུལ་སྤེལ་བའི་སྐབས།བྷོ་པལ་གྲོང་ཁྱེར་ནང་ཞུ་གཏུག་ལས་འགུལ་སྤེལ་བའི་སྐབས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྒྱ་གར་བྱང་ཕྱོགས་ལས་འགུལ་ ཚོགས་ཆུང་གིས་གོ་སྒྲིག་འོག་MP མངའ་སྡེ་ཡི་རྒྱལ་ས་བྷོ་པལ་ནང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་དང་། བོད་མི་སུལ་འཚོང་བ་སོགས་མི་གྲངས་བརྒྱ་དང་ལྔ་བཅུ་ལྷག་ཅིག་གིས་བོད་ནང་རང་ལུས་ མེར་བསྲེགས་གནང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཤུལ་ལུས་ནང་མི་དང་བཅས་པར་ གདུང་སེམས་མཉམ་བསྐྱེད་དང་། ད་ཆར་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་ ཆེད་བྱང་ཆུབ་སེམས་མཆོག་སྐྱོར་བཞིན་གྲོང་ཁྱེར་ནང་མར་མེ་ཁྲོམ་སྐོར་གནང་ཡོད་པ་ རེད།

བྷོ་པལ་གྲོང་ཁྱེར་ནང་བོད་དོན་མར་མེ་ཁྲོམ་སྐོར།བྷོ་པལ་གྲོང་ཁྱེར་ནང་བོད་དོན་མར་མེ་ཁྲོམ་སྐོར།བྷོ་པལ་གྲོང་ཁྱེར་ནང་བོད་དོན་མར་མེ་ཁྲོམ་སྐོར།བྷོ་པལ་གྲོང་ཁྱེར་ནང་བོད་དོན་མར་མེ་ཁྲོམ་སྐོར།

ཕྱི་ཚེས་༢༦ ཉིན་གྱི་དགོང་དྲོ་ཆུ་ཚོད་༦ དང་ཕྱེད་ཀའི་སྟེང་ཀ་རོ་ན་བྷོ་དྷི་བྷེ་ཧར་ཞེས་པའི་ནང་པའི་དགོན་པའི་ནང་རྒྱ་ གར་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་སུལ་འཚོང་བ་སོགས་མི་གྲངས་༡༥༠ ལྷག་ཅིག་མཉམ་འཛོམས་ཐོག་མར་མེ་ཁྲོམ་སྐོར་གནང་ཡོད་འདུག འདུ་འཛོམས་ཀྱི་ཐོག་མར་ས་གནས་སུལ་ཚོང་ཚོགས་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་ མར་མེ་ཁྲོམ་སྐོར་བྱེད་དགོས་པའི་གནས་བབ་ངོ་སྤྲོད་གནང་བ་དང་། བྱང་ཕྱོགས་ཚོགས་ཆུང་གི་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ ལྷན་ཚོགས་ནས་ཚོགས་ཆུང་ཆ་བགོས་ཐོག་ཞུ་གཏུགས་ལས་འགུལ་སྤེལ་བཞིན་པ་དང་། བོད་ནང་གི་ཛ་དྲག་གནས་བབ་སོགས་ངོ་སྤྲོད་གསུང་བཤད་གནང་ཡོད་འདུག  དེ་རྗེས་བོད་ རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། བདེན་ཚིག་སྨོན་ལམ་དབྱངས་འཐེན་གནང་སྟེ་ངག་བཅད་ཀྱིས་རྒྱལ་གཅེས་དཔའ་བོ་དཔའ་མོ་ རྣམས་པར་མྱ་ངན་དྲན་གསོ་གནང་རྗེས་མར་མེ་ཁྲོམ་སྐོར་གྱི་འགོ་འཛུགས་གནང་ཡོད།

མར་མེ་ཁྲོམ་སྐོར་གྱི་མཇུག་ཏུ་རྒྱ་གར་རྒྱལ་ཡོངས་ནང་པའི་ཚོགས་གཙོ་ཅན་རྡི་ ར་བྷོ་དྷི་མཆོག་གིས་ཐུགས་རྗེ་ཆེ་ཞུས་ཀྱི་གསུང་བཤད་གནང་སྟེ་ལས་འགུལ་མཇུག་ བསྡུ་གནང་ཡོད་པ་དང་། ཞུ་གཏུགས་ལས་འགུལ་ཚོགས་ཆུང་གིས་ཉིན་གཉིས་རིང་མུ་མཐུད་དཔོན་རིགས་ཁག་ལ་ཞུ་ གཏུགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ཕྱི་ཚེས་༢༨ ཉིན་བཀའ་སྤྱི་གཉིས་ཀྱིས་གོ་སྒྲིག་གནང་བའི་རྒྱལ་ས་ལྡི་ལི་ཡི་ལས་འགུལ་ཆེན་ མོར་མཉམ་ཞུགས་ཆེད་ཕེབས་འཆར་ཡོད་འདུག

བྷོ་པལ་གྲོང་ཁྱེར་ནང་བོད་དོན་མར་མེ་ཁྲོམ་སྐོར།བྷོ་པལ་གྲོང་ཁྱེར་ནང་བོད་དོན་མར་མེ་ཁྲོམ་སྐོར།

གནས་ཚུལ་མཁོ་གཏོང་བ་རྨོག་རུ་བསྟན་པ།

Menu