བྷེ་ཧར་མངའ་སྡེ་ནང་ཞུ་གཏུགས་ལས་འགུལ་སྤེལ་བ།

མངའ་སྡེ་བློན་ཆེན་ཟུར་བ་དང་། ད་ལྟའི་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་ལ་ལོ་པར་སི་དུ་ཡ་དུབ་མཆོགམངའ་སྡེ་བློན་ཆེན་ཟུར་བ་དང་། ད་ལྟའི་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་ལ་ལོ་པར་སི་དུ་ཡ་དུབ་མཆོག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀོད་ཁྱབ་གནང་བའི་རྒྱ་གར་བྱང་ཕྱོགས་ཞུ་གཏུགས་ལས་འགུལ་བ་རྣམས་བྷེ་ཧར་མངའ་སྡེ་རྒྱལ་ས་པ་ཏི་ན་རུ་འབྱོར་ཏེ་དཔོན་རིགས་ཐུག་འཕྲད་སོགས་ལས་འགུལ་འགོ་འཛུགས་གནང་ཡོད་པ་རེད། ཕྱི་ཚེས་༡༥ ཉིན་གྱི་ཞོགས་པར་མངའ་སྡེ་བློན་ཆེན་ཟུར་བ་དང་། ད་ལྟའི་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་ལ་ལོ་པར་སི་དུ་ཡ་དུབ་མཆོག་དང་མཇལ་དེ་བོད་ནང་གི་གནས་བབ་ཞུ་གཏུགས་བྱས་ཡོད་པ་དང་། ལ་ལོ་པར་སི་མཆོག་གིས་ཁོང་ཉིད་ནས་བོད་དོན་ལ་རྒྱབ་སྐྱོར་ཆ་ཚང་ཡོད། རྗེས་ཕྱོགས་ཀྱང་ང་རང་གང་དུ་ཡོད་སར་ཁྱོད་ཚོ་ཕེབས་པར་ནམ་ཡང་སྒོ་ཕྱེས་ཡོད་ཅེས་སོགས་གསུང་ཏེ་ཞུ་གཏུགས་ལས་འགུལ་བ་རྣམས་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་པ་དང་། མངའ་སྡེ་ཁ་གཏད་ཚོགས་པའི་ཚོགས་གཙོ་ཁོང་གི་ལྕམ་རབ་རེ་བདེ་བས་མཆོག་ལ་ངོ་སྤྲོད་ཀྱིས་ཡིག་ངག་གཉིས་ཐོག་བོད་དོན་ཞུ་གཏུགས་བྱས་ཡོད་པ་རེད།

དེ་རྗེས་གུ་རུ་གྷོ་ཝལ་སིང་སིག་དགོན་ཆེན་གྱི་འགན་འཛིན་གཞོན་པ་ཇེ་ཐུ་སོགས་གནད་ཡོད་ཁག་ཅིག་དང་། རྒྱ་གར་དབུས་གཞུང་གྲོས་ཚོགས་ཀྱི་འཐུས་མི་དང་། ཇེ་ཀྲི་ཡོ་ཚོགས་པའི་མངའ་སྡེ་ཚོགས་གཙོ་བེ་ཞེད་ཞུ་ན་རན་སིང་ཁུ་སོགས་གནད་ཡོད་ཁག་ཅིག མངའ་སྡེ་བྷེ་ཇེ་བྷེ་ཚོགས་པའི་ཚོགས་གཙོ་དང་། འཕྲོད་བསྟེན་བློན་ཆེན་ཟུར་བ་སྐུ་ཞབས་རྡེ་པ་ན་ཁེ་ཆོ་མཆོག་དང་། ཚོགས་གཙོ་གཞོན་པ་གཙོས་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་ཀྱིས་ཞུ་གཏུགས་གནང་ཡོད།

ཕྱི་ཚེས་༡༦ ཉིན་གྱི་ཞོགས་པར་མངའ་སྡེ་ལམ་བཟོའི་བློན་ཆེན་སྡེ་བན་ཀེ་ཞོར་མཆོག་དང་། རིག་གཞུང་དང་གཞོན་སྐྱེས་བློན་ཆེན་ལྕམ་སུག་རྡ་པན་སྡེ་མཆོག རྒྱ་གར་རྒྱལ་ཡོངས་ཁ་ཆེ་ཨེམ་ར་ཊུ་ཁ་ཆེ་ཚོགས་པའི་ཚོགས་གཙོ་ཧ་ཧྤུ་སེ་ཨེམ་ཨོ་རྡེན་མཆོག མངའ་སྡེ་གྲོས་ཚོགས་འཐུས་མི་དང་། བྷེ་ཇེ་བྷེ་སྒྲིག་དོན་པ་ཨ་རོན་ཀོ་མར་སི་ན་མཆོག་གི་གཙོ་བོས་གནད་ཡོད་ཁག་ཅིག དེ་བཞིན་བྷེ་ཧར་མངའ་སྡེ་དང་། ཇར་ཁན་མངའ་སྡེ། ནེ་པལ་བཅས་ཀྱི་ཨེ་བྷེ་བེ་པེ་བཅས་ཀྱི་ཚོགས་གཙོ་མཆོག་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུགས་གནང་ཡོད་པ་དང་། མུ་མཐུད་ཞུ་གཏུགས་དང་། གསར་འགོད་སྐོང་འཚོགས། མར་མེ་ཁྲོམ་སྐོར། བགྲོ་གླེང་ཚོགས་འདུར་མཉམ་ཞུགས་ཀྱིས་བོད་དོན་བརྒྱུད་བསྒྲགས་བྱེད་རྒྱུ་བཅས་ཀྱི་ལས་འཆར་ཡོད་འདུག

 དབུས་གྲོས་ཚོགས་ཀྱི་འཐུས་མི་དང་། ཇེ་ཀྲི་ཡོ་ཚོགས་པའི་མངའ་སྡེ་ཚོགས་གཙོ་བེ་ཞེད་ཞུ་ན་རན་སིང་ཁུ་སོགས་ལྷན། དབུས་གྲོས་ཚོགས་ཀྱི་འཐུས་མི་དང་། ཇེ་ཀྲི་ཡོ་ཚོགས་པའི་མངའ་སྡེ་ཚོགས་གཙོ་བེ་ཞེད་ཞུ་ན་རན་སིང་ཁུ་སོགས་ལྷན། བྷེ་ཇེ་བྷེ་མངའ་སྡེ་ཚོགས་གཙོ་གཞོན་པ་གཙོས་ཚོགས་པའི་གནད་ཡོད་མི་སྣ་ཁག བྷེ་ཇེ་བྷེ་མངའ་སྡེ་ཚོགས་གཙོ་གཞོན་པ་གཙོས་ཚོགས་པའི་གནད་ཡོད་མི་སྣ་ཁག 

གུ་རུ་གྷོ་ཝལ་སིང་སིག་དགོན་ཆེན་གྱི་འགན་འཛིན་གཞོན་པ་R.S jeet ཇེ་ཐུ་སོགས་ལྷན། གུ་རུ་གྷོ་ཝལ་སིང་སིག་དགོན་ཆེན་གྱི་འགན་འཛིན་གཞོན་པ་R.S jeet ཇེ་ཐུ་སོགས་ལྷན།

Menu