བྲག་འགོའི་ཞི་རྒོལ་སྐབས་རྒྱ་གཞུང་ཉེན་རྟོག་པས་མདེལ་ཆར་ཕབས་ཏེ་ནོར་པ་ཡོན་ཏན་འདས་གྲོངས་དང་བོད་མི་ ༣༦ ལ་རྨས་སྐྱོན་ཕོག་འདུག

ཕྱི་ཚེས་ ༢༣ ཉིན་ཁམས་བྲག་འགོ་རྫོང་ཐོག་ཏུ་བོད་མི་ཚོས་བོད་ལ་རང་དབང་དགོས། ༸རྒྱལ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ༸རྒྱལ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས། རྒྱ་གཞུང་གི་ཉེན་རྟོག་མི་སྣས་ཞི་རྒོལ་མང་ཚོགས་ཐོག་མདེལ་ཆར་ཕབས་ཏེ། རང་ལོ་ ༤༩ ཅན་མི་སྐྱ་ནོར་པ་ཡོན་ཏན་ལགས་ཡུལ་དུས་དེ་རང་དུ་འདས་གྲོངས་སུ་གྱུར་ཡོད་པ་དང་། འདི་གར་མིང་ཐོ་རག་སོན་བྱུང་བའི་བོད་མི་སྐྱ་སེར་གྲངས་ ༣༦ ལ་རྨས་སྐྱོན་ཕོག་ཡོད་པ་གཤམ་གསལ།༡ གྲྭ་ཁུ་མིག་ཚུལ་ཁྲིམས། ལོ་ ༢༨། ༢ ཚ་བ་དུང་ལོ། ལོ་༣༡།  ༣ ནོར་པ་བསོད་ནམས། ༤ ནོར་པ་བསོད་རྒྱས། ༥ ནོར་པ་བློ་བཟང་མགོན་པོ། ༦ ནོར་པ་བདུད་འདུལ། ༧ ནོར་པ་འཇམ་དབྱངས་ཤེས་རབ། ༨ ནོར་པ་དབང་ཆེན། ༩ ནོར་པ་ཚེ་རིང་རྒྱལ་མཚན། ༡༠ ནོར་པ་སངས་རྒྱས་རྒྱ་མཚོ། ༡༡ ནོར་པ་རྣམ་རྒྱལ་དོན་འགྲུབ། ༡༢ སུ་རྒྱས་བཀྲ་ཤིས་རབ་བརྟན། ༡༣ རྦ་དག་བསོད་ནམས་འཕྲིན་ལས། ༡༤ སུ་རྒྱས་དགྲ་འདུལ། ༡༥ རྦ་དག་བཀྲ་ཤིས་ནོར་བུ། ༡༦ གྲྭ་རྦ་དག་བསོད་ནམས་འཕྲིན་ལས། ༡༧ ནོར་པ་རིན་ཆེན་འཕྲིན་ལས། ༡༨ ཚར་ཆུ་ཁ་བ་ཚེ་དབང། ༡༩ གྲྭ་ནོར་པ་ཡེ་ཤེས་རིག་གསལ། རང་ལོ་ ༤༠། ༢༠ ཀ་པ་འཇམ་དབྱངས། རང་ལོ་༢༦ ། ༢༡ ནོར་པ་བསྟན་པ། རང་ལོ་༢༦ ། ༢༢ ཚར་ཆུ་ཁ་པ་ཉི་མ། ༢༣ ལི་ཁོག་འོད་ཟེར། རང་ལོ་༤༥ ། ༢༤ ལི་ཁོག་པད་མ་ཆོས་གྲགས། རང་ལོ་༥༠ ། ༢༥ གྲྭ་རིག་འཛིན་དབང་ཕྱུག རང་ལོ་༢༣ ། ༢༦ ནོར་པ་གཡུ་ཕྲུག རང་ལོ་༥༠ ། ༢༧ ལི་ཁོག་ཚེ་རིང་དབང་ཕྱུག ༢༨ ལི་ཁོག་རྒྱ་ཤེས་འོད་ཟེར། རང་ལོ་༤༦ ། ༢༩ ནོར་པ་བློ་གྲོས། ༣༠ ནོར་པ་ཆོས་བཞི། རང་ལོ་༢༧ ། ༣༡ དགོན་རྙིང་པ་གྲྭ་བསྟན་འཛིན་དར་རྒྱས། རང་ལོ་༤༣ ། ༣༢ འཆི་མེད་བློ་གྲོས། ༣༣ ནོར་པ་བྱམས་རྣམ། རང་ལོ་༢༧ ། ༣༤ ནོར་པ་དབང་རྒྱལ། རང་ལོ་༣༨ ། ༣༥ ནོར་པ་ཡེ་ཤེས་ཚེ་རིང་ངམ་ཡེ་ཚེ། རང་ལོ་༥༤ ། ༣༦ ནོར་པ་བྱམས་པ་དོན་འགྲུབ་བཅས་ཡིན་པ་དང་། དེ་དག་གི་ཁྲོད་ནས་བསྟན་འཛིན་དར་རྒྱས་དང་། སུ་རྒྱས་དགྲ་འདུལ་དང་ནོར་པ་ཡེ་ཤེས་ཚེ་རིང་ངམ་ཡེ་ཚེ་སོགས་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་འཆི་གསོན་ངེས་མེད་དུ་ལུས་ཡོད་འདུག

གནས་ཚུལ་ཡོང་ཁུངས་ནས་བཤད་པ་ལྟར་ན། བྲག་འགོའི་ཞི་རྒོལ་ལས་འགུལ་ལ་དྲག་གནོན་བྱས་རྗེས། རྟའུ་དང་དཀར་མཛེས་སོགས་ཉེ་ཁུལ་རྫོང་ཁག་ནས་བོད་མི་མང་པོ་ཞིག་གདུང་སེམས་མཉམ་བསྐྱེད་སླད་བྲག་འགོའི་ཕྱོགས་སུ་སྙེགས་བཞིན་ཡོད་འདུག །

Menu