མཚན་རྟགས་གནང་བའི་རྗེས་གསར་འགོད་པ་ཚོས་མཚན་རྟགས་དང་མེ་ལྕེ་སྣོམ་ནས་པར་བརྒྱབ་འཇུག་རོགས་ཞུས་པ་ལྟར་གྱི་འདྲ་པར།མཚན་རྟགས་གནང་བའི་རྗེས་གསར་འགོད་པ་ཚོས་མཚན་རྟགས་དང་མེ་ལྕེ་སྣོམ་ནས་པར་བརྒྱབ་འཇུག་རོགས་ཞུས་པ་ལྟར་གྱི་འདྲ་པར།ཅནྡི་སྒར་དུ་བྷི་ཇེ་པིའི་གནད་ཡོད་མི་སྣས་ས་རྟགས་གནང་བཞིན་པ།ཅནྡི་སྒར་དུ་བྷི་ཇེ་པིའི་གནད་ཡོད་མི་སྣས་ས་རྟགས་གནང་བཞིན་པ།
༄༅། །དེ་ཡང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༣༡ ཉིན་ལུ་རྡི་ཨ་ན་ནས་ཞོགས་པ་ཆུ་ཚོད་ ༦ པར་ཐོན་ཏེ་ཞོགས་པ་ཆུ་ཚོད་ ༡༡་༠༠ ལ་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་ཅན་དྷི་གྷར་ས་གནས་རང་ཚོགས་དང་ས་གནས་གཞོན་ནུའི་ཚོགས་གཙོ་སོ་སོར་བརྒྱུད་སྤྲོད་གནང་། སེག་ཊར་ ༡༦ ཀ་ལ་བྷ་ཝན་ཚོགས་ཁང་དུ་མཛད་སྒོ་ཚོགས། མཛད་སྒོ་དེར་སྐུ་མགྲོན་གཙོ་བོ་དེ་སྔ་ཅན་དྷི་གྷར་གྱི་སྤྱི་ཁྱབ་བློན་ཆེན་གཞོན་པ་གནང་མྱོང་མཁན་ད་ཆ་དགུང་ལོ་ ༨༥ སོན་པ་སྐུ་ཞབས་བལ་རམ་ཇི་དཱས་ཊོན་ཌོན་(Shri Balram Ji Das Tondon)མཆོག་གདན་ཞུས་ལྟར་ཕེབས་གནང་མཛད། གཞན་ཡང་སྐུ་མགྲོན་དུ་ཁྲིམས་རྩོད་པ་ཌོག་ཊོར་ཨར་ཝིནྡ་ཋ་ཀུར་(Dr.Arvind Thakur, International Human Rights Councilor & Solicitor International Member-Amnesty International London Member-International Bar Association (U.K) Member: Anti Corruption Committee of IBA.)དང་། བྷི་ཇེ་པི་སྲིད་དོན་ཚོགས་པའི་སྤྱི་ཁྱབ་འོས་བསྡུའི་འབྲེལ་མཐུད་པ་དང་ཀེ་ཤབ་མཉམ་འབྲེལ་གྱི་འགན་འཛིན་སྐུ་ཞབས་ར་ཇིན་ཌུ་རན་ཅེ་ཏི་ཡར།(Mr. Rajenduren Chettiyar) བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་སྐུ་ཞབས་ར་ཇིན་དར་ཤར་མ་ (Mr.Rajinder Sharma) ལ་སོགས་ཕེབས་ཡོད། མཛད་སྒོའི་ཐོག་མར་སྤྱི་འཐུས་པདྨ་འབྱུང་གནས་ལགས་ནས་བདེན་པའི་མེ་ལྕེའི་ལས་འགུལ་གྱི་དགོས་དབང་དམིགས་ཡུལ་སོགས་ངོ་སྤྲོད་གནང་།
སྐུ་མགྲོན་གཙོ་བོ་མཆོག་ནས་བདེན་པའི་མེ་ལྕེ་སྣོམ་བཞིན་པ།སྐུ་མགྲོན་གཙོ་བོ་མཆོག་ནས་བདེན་པའི་མེ་ལྕེ་སྣོམ་བཞིན་པ།ཅནྡི་སྒར་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱེད་བཞིན་པ།ཅནྡི་སྒར་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱེད་བཞིན་པ།
བདེན་པའི་མེ་ལྕེ་དང་སློབ་ཕྲུག་རྣམ་པ་སྤྱི་འཐུས་པདྨ་འབྱུང་གནས་བཅས།བདེན་པའི་མེ་ལྕེ་དང་སློབ་ཕྲུག་རྣམ་པ་སྤྱི་འཐུས་པདྨ་འབྱུང་གནས་བཅས།
དེ་ནས་རིམ་བཞིན་ཨར་ཝིནྡ་ཋ་ཀུར་དང། ར་ཇིན་ཌུ་རན་ཅེ་ཏི་ཡར་དང་སྐུ་མགྲོན་གཙོ་བོ་བཅས་ནས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་ནས་བདེན་པའི་མེ་ལྕེ་གནམ་ལ་འཕྱར་བའི་རྗེས་ས་རྟགས་སྐྱོན་གནང་མཛད་པ་དང་དེ་ནས་རིམ་བཞིན་སྐུ་མགྲོན་རྣམ་པ་དང་ཚོགས་བཅར་བ་བཅས་ནས་ས་རྟགས་བསྡུ་རུབ་གནང། དེའི་རྗེས་རྒྱུན་ལས་རྣམས་སེག་ཊར་ ༡༧ སེག་ཊར་ ༡༥ པན་ཇབ་གཙུག་ལག་སློབ་གྲྭ་བཅས་སུ་ཆ་བགོས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་འབྲེལ་ས་རྟགས་བསྡུ་རུབ་གནང། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡ ཉིན་སྤྱི་འཐུས་པདྨ་འབྱུང་གནས་དང་རྒྱུན་ལས་གཉིས་བཅས་མི་སྣ་གནད་ཡོད་ཁག་གི་སྒོ་དང་སྒོར་བཅར་ནས་ས་རྟགས་བསྡུ་རུབ་ཞུས། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་ཆེན་གྱི་མཛད་སྒོ་གྲོལ་བའི་རྗེས་སེག་ཊར་ ༣༧ པན་ཇབ་བྷི་ཇེ་པི་ལས་ཁུངས་སུ་བཅར་ཏེ་མི་སྣ་གནད་ཡོད་མང་པོ་ཞིག་ནས་ས་རྟགས་ཞུས། དེ་ནས་ཕྱི་དྲོ་ཆུ་ཚོད་ ༣་༠༠ ཐོག་པན་ཇབ་གཙུག་ལག་སློབ་གྲྭ་ནས་སེ་ཊར་ ༡༧ བར་བདེན་པའི་མེ་ལྕེ་ཐོགས་ཏེ་ཞི་བའི་གོམ་བགྲོད་གནང་བ་དང་སེག་ཊར་ ༡༧ ལ་སྐད་འབོད་ངང་ཙམ་གནང་བའི་རྗེས་ས་གནས་སུ་བདེན་པའི་མེ་ལྕེ་མཇུག་བསྒྲིལ་གནང་། ཕྱི་ཚེས་ ༣ ཉིན་གྱི་ཚགས་པར་མང་ཆེ་བར་རྒྱས་བསྡུས་ཅི་རིགས་ཐོན་འདུག ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༣ ཞོགས་པ་ཆུ་ཚོད་ ༡༡ ཐོག་མཐོ་སློབ་སློབ་གཉེར་བ་བཞིས་ས་གཞིས་སྤུ་རུ་ཝ་ལར་བརྒྱུད་སྤྲོད་ཆེད་དུ་ཐོན་པ་བཅས་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༣ ལ།།
བརྒྱུད་སྤྲོད་གནང་བའི་རྗེས་མཐོ་སློབ་ཕྲུག་རྣམ་པའི་ལྷན།བརྒྱུད་སྤྲོད་གནང་བའི་རྗེས་མཐོ་སློབ་ཕྲུག་རྣམ་པའི་ལྷན།
སེག་ཊར་ ༡༧ དུ་ས་རྟགས་བསྡུ་རུབ་སྐབས།སེག་ཊར་ ༡༧ དུ་ས་རྟགས་བསྡུ་རུབ་སྐབས།