དཔལ་འབྱོར་ལས་ཁུངས་ནས་ ༢༠༡༢ ཕྱི་ཟླ་ ༡༡ ཚེས་ ༢༢ འཁོད་ཕྱག་བྲིས་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༡༠༡༢”༡༣ ལོའི་བསྐྱར་བཅོས་སྔོན་རྩིས་ཀྱི་རྩིས་ཤོག་ཁག་ལ་བཀའ་ཤག་གིས་རྒྱབ་གཉེར་གནང་བ་སྤྱི་འཐུས་རྒྱུན་ལས་སུ་ཕུལ་འབྱོར་ལྟར། ཕྱི་ལོ་ ༡༠༡༢ ཟླ་ ༡༡ ཚེས་ ༢༦ ནས་ཉིན་བཞིའི་རིང་རྒྱུན་ལས་ལྷན་ཚོགས་གནང་སྟེ་ལས་ཁུངས་སོ་སོའི་རྩིས་འགོ་རེ་རེ་བཞིན་ཞིབ་འཇུག་དང་འབྲེལ། བཀའ་བསྡུར་ཞིབ་ནན་ཐོག་ཕྱི་ཚེས་ ༢༩ ཉིན་མཇུག་བསྡོམས་གནང་སྟེ་རྒྱུན་གྲོན་དང། དམིགས་བསལ། ཟུར་བཀོལ་བཅས་རྩིས་ཁག་གསུམ་ལ་བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་རེད། དེ་ཡང་བཀའ་ཤག་གིས་བཀའ་འཁྲོལ་རྒྱབ་གཉེར་བསྡོམས་ཧིན་སྒོར། ༡,༡༤༡,༨༦༧,༨༧༦།༠༠ གནང་བར། སྤྱི་འཐུས་རྒྱུན་ལས་ནས་གཅོག་འཕྲི་བསྡོམས་ཧིན་སྒོར་ ༤༩༦,༡༧༧།༠༠ དང། སྤར་ཆ་བསྡོམས་ཧིན་སྒོར་ ༦,༢༨༥,༩༠༢།༠༠ གནང་སྟེ། སྤྱི་འཐུས་རྒྱུན་ལས་ནས་བཀའ་འཁྲོལ་གཏན་འབེབས་བསྡོམས་ཧིན་སྒོར་༡,༡༤༧,༦༥༧,༦༠༡།༠༠ གནང་ཡོད། དེ་བཞིན་ལྷོ་སྤྱི་ལས་ཁུངས་དང། ས་འཐུས་མེད་པའི་ས་གནས་ཁག་ ༦ གི་རྒྱུན་གྲོན་དང་ཟུར་བཀོལ་བཅས་པར་བསྡོམས་ཧིན་སྒོར་ ༤༣,༢༤༨,༣༣༧།༠༠ གནང་བ་དང། དེ་བཞིན་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཁག་གི་རྒྱུན་གྲོན་དང། ཟུར་བཀོལ་བཅས་པར་བསྡོམས་ཧིན་སྒོར་ ༡༢,༡༤༤,༧༥༥།༠༠ བཅས་བཀའ་འཁྲོལ་གནང་ཡོད་པ་རེད།།