བོད་མི་མང་སྤྱིའཐུས་ལྷན་ཚོགས་ནས་སུད་སི་གྲོས་ཚོགས་གོང་འོག་གི་འཐུས་མིར་སྣེ་ལེན་གནང་བ།

IMG_8120

ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༧ ཉིན་སུད་སི་གྲོས་ཚོགས་གོང་འོག་གི་འཐུས་མི་བདུན་དང་། སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་ཚོགས་གཞོན། སུད་སི་སྐུ་ཚབ་དོན་གཅོད་དང་སུད་སི་བོད་རིགས་མི་མང་གི་ཕྱི་དྲིལ་དྲུང་ཆེ་བཅས་ཉིན་ལྔའི་རིང་བཞུགས་སྒར་ཁུལ་དུ་འཚམས་གཟིགས་ཕེབས་པའི་ཐོག་མར་དཔལ་ལྡན་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་ཡུ་རོབ་སྤྱི་འཐུས་ཟམ་གདོང་བྱམས་པ་ཚེ་རིང་མཆོག་ནས་ཁོང་རྣམ་པར་གྷ་གྷལ་གནམ་ཐང་དུ་སྣེ་ལེནཕེབས་སུ་གནང་བ་དང་།

IMG_8171

ཕྱི་དྲོ་ཕྱག་ཚོད་ ༦།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སུད་སིའི་འཐུས་མི་རྣམ་པར་འཚམས་འདྲི་དང་སྦྲགས། མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་གསོལ་ཚིག་ཤིག་འདེགས་འབུལ་གནང་ཡོད། ཐོག་མར་ཕན་ཚུན་ངོ་སྤྲོད་གནང་བ་དང་འབྲེལ་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཁོང་རྣམ་པར་འཚམས་འདྲིའི་མཇལ་དར་དང་། སྤྱི་ལྷན་གྱི་ཕྱག་རྟགས་ཕུལ་ཡོད། དེ་ནས་ཕྱག་ཚོད་གཅིག་ཙམ་རིང་ཕན་ཚུན་གླེང་མོལ་ལྷུག་པོ་གནང་ཡོད་པ་མ་ཟད། སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། ཚོགས་དྲུང་བཅས་མཉམ་ཞུགས་གནང་ཡོད་པའི་གནས་ཚུལ་དུ།།

IMG_8148

Menu