བོད་མི་མང་སྤྱི་ལྷན་གྱི་ཚོགས་གཞོན་མཆོག་དང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ཉིན་གཉིས་ནང་འཁྲིད་པའི་ཟབ་སྦྱོང།

 

 

༄༅། །བོད་མི་མང་སྤྱི་ལྷན་གྱིས་གོ་སྒྲིག་གནང་བའི་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༦ ནས་ཚེས་ ༡༠ བར་གྱི་ཟབ་སྦྱོང་ཤེས་ལོངས་སུ་གནང་བཞིན་ཡོད།

དེ་ཡང་ཟླ་ ༥ ཚེས་ ༧ ཟབ་སྦྱོང་གི་ཉིན་གཉིས་པར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་དངུལ་འདུ་འགོད་དང། ལོ་འཁོར་སྔོན་རྩིས། སྔོན་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞིའི་ཐོག་ལ་ཟབ་སྦྱོང་འཁྲིད་གནང་ཡོད་པ་དང་།

དེ་བཞིན་ཟབ་སྦྱོང་གི་ཉིན་གསུམ་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གྲོས་ཚོགས་ཚོགས་དུས་སྐབས་ཀྱི་འགྲོ་ལུགས་སྐོར་དང་། དབུས་བོད་མིའི་སྒྲིག་འཛུགས་དང་། དེ་བཞིན་རང་དབང་ཅན་གྱི་ཚོགས་སྡེ་ཁག་གི་སྒྲོམ་གཞི་དང་ལས་འགན་སོགས་ཀྱི་སྐོར་ཞིབ་ཕྲ་འགྲེལ་བརྗོད་གནང་ཡོད།

ཟབ་སྦྱོང་ལ་ཕེབས་མཁན་ཚང་མས་བློ་རྩེ་གཅིག་སྒྲིམ་ངང་ཉན་པ་མ་ཟད་དྲི་བ་དྲིས་ལན་བཅས་ཀྱི་ལམ་ནས་དོགས་སེལ་སོགས་ཀྱི་ཕན་ཐོགས་གང་ལེགས་བྱུང་ཡོད། དེ་བཞིན་སྐར་རྟགས་ཅན་གྱི་དྲི་བ་དང་། གྲོས་ཆོད། གྲོས་འཆར། ཁྲིམས་འཆར། ཚོད་དཔག་འཆར་རྩིས། ལོ་འཁོར་ལས་བསྡོམས་བཅས་ཀྱི་ཐོག་ལ་ཟབ་ཁྲིད་གནང་རྒྱུའི་ལས་རིམ་འགྲོ་བཞིན་བཅས་ཀྱི་གནས་ཚུལ་དུ།།