བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་བཞི་པའི་གནས་ཚུལ།

IMG_7913 ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཀྱིས་གྲོས་ཚོགས་དབུ་འཛུགས་གནང་སྟེ། ལས་རིམ་ནང་གསལ་ལྟར་དྲི་བ་དྲིས་ལན་གྱི་དུས་ཚོད་མེད་ཅེས་དཔལ་ལྡན་ཚོགས་གཙོ་མཆོག་ནས་གསུངས་གནང་ཡོད། དེ་ནས་རིམ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་ཐོག་སྔོན་རྩིས་ལ་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་། དཔལ་ལྡན་སྲིང་སྐྱོང་མཆོག་དང་། དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་རྣམ་གཉིས་ནས་རྩིས་སྒོ་ཁག་གི་ཐོག་གསལ་བཤད་ལན་འདེབས་གནང་མུས་ཡིན།

IMG_7926

དེ་ཡང་སྔ་དྲོའི་ཚོགས་འདུས་གཉིས་པའི་ཐོག་རྒྱ་གར་རྒྱལ་ས་ལྡི་ལི་ནས་ IIMC གསར་འགོད་རིག་པར་སློབ་སྦྱོང་གནང་བཞིན་པའི་སློབ་ཕྲུག་ ༢༤ སྐུ་མགྲོན་དུ་ཕེབས་ཡོད་པ་དང་། ཁོང་ཚོར་དཔལ་ལྡན་ཚོགས་གཞོན་མཆོག་ནས་བོད་ཀྱི་འདས་ མ་འོངས་དང་། ད་ལྟའི་གནད་དོན་ཐོག་བཀའ་སློབ་ཕྲན་ཙམ་གནང་སྟེ། ཁོང་ཚོར་འབྱུང་འགྱུར་བོད་དོན་ཐོག་དྲང་བདེན་གྱི་གནས་སྟངས་གསར་འགོད་ཐུབ་པའི་རེ་སྐུལ་གནང་བ་བཅས་ཀྱི་གནས་ཚུལ་དུ།།

Menu