བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་དང་པོའི་གནས་ཚུལ།

14th March

ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གསུམ་པ་དབུ་འཛུགས་གནང་ཡོད་པ་རེད། དེ་ཡང་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་ཀྱིས་དབུས་སྤྱི་འཐུས་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱིས་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ། དེ་བཞིན་ཟུར་ཉན་དུ་ཕེབས་པའི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་། གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ། ཟུར་ཉན་པ་གཞན་ཁག་བཅས་ཕེབས་ཡོད་པ་རེད།

IMG_7877

ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་ནས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་གྲུབ་བསྟུན་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ། དཔལ་ལྡན་ཚོགས་གཙོ་མཆོག་ནས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་ནས། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཚུང་གི་ཚོགས་མི་བསྐོ་གཞག་གནང་། དེ་རྗེས་གཞུང་འབྲེལ་རྗེས་དྲན་དང་། མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཁག་གི་ཡིག་ཆ་ཁག་ལྔ་ལ་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་ཏེ་མྱ་ངན་གུས་འདུད་སྐར་མ་གཅིག་རིང་ཞུས། དེ་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་འདོན་གནང་དང་འབྲེལ་བགྲོ་གླེང་ལྷུག་པོར་གནང་ཡོད་པ་རེད། ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཐོག་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༧་་་༡༨ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་དང་།

IMG_7872

དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིསྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༧་་་༡༨ ལོའི་སྙན་ཐོ་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་སྙན་སྒྲོན་གནང་། དེ་རྗེས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོར་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་སྟོན་པ་དང་། དེ་ལ་སྤྱི་འཐུས་སྤྱི་ཡོངས་ཀྱི་བགྲོ་གླེང་གནང་རྒྱུའི་གོ་སྐབས་རིམ་པས་ཡིན་ཞེས་གསུང་ཏེ་དེ་ཉིན་གྱི་ཚོགས་འདུ་གྲོལ།

IMG_7885

གྲོས་ཚོགས་ཉིན་དང་པོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གནད་ཡོད་མི་སྣ་ཁག་དང་། ཕྭ་རན་སིའི་གྲོས་ཚོགས་འཐུས་མི་དང་ཕྭ་རན་སིའི་བོད་དོན་ཚོགས་པ། དེ་བཞིན་ཉི་ཧོང་གི་རོགས་ཚོགས་ཀྱི་ཚོགས་མི་ ༩ བཅས་སྐུ་མགྲོན་ཕེབས་གནང་ཡོད་པའི་གནས་ཚུལ་དུ།།

Menu