༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ཚེས་ ༣༡ ཉིན་བོད་མི་མང་སྤྱི་འཐུས་ཟླ་བ་
ཇ་མུ་ས་གནས་ཀྱི་གསར་འགོད་པ་ཁྱོན་ ༥༠ ལྷག་ལྷན་འཛོམས་ཐོག་རྒྱ་གར་གཞུང་མང་གཉིས་ནས་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་ཡོང་བ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་མཚན་རྟགས་འཁོད་པའི་དོན་ཚན་བཅུ་ཅན་གྱི་བོད་དོན་ཞུ་ཡིག་སྒྲོག་སྦྱངས་དང་། གསར་འགོད་པའི་དྲི་བར་ལན་འདེབས་བཅས་གནང་སྟེ། ཐེངས་འདིའི་ཇ་མུ་ཁུལ་གྱི་བོད་དོན་ཞུ་སྐུལ་ལེགས་གྲུབ་ཀྱིས་ཀ་ཤི་མིར་ས་གནས་སུ་ཕེབས་ཐོན་གནང་རྒྱུ་ཡིན་པ་བཅས།