བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བཞི་པའི་གནས་ཚུལ་།

img_5110

 

ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཀྱིས་གྲོས་ཚོགས་འདུ་དབུ་འཛུགས་གནང་ཡོད་པ་དང་། དེ་ཡང་ཉིན་འདིའི་ལས་རིམ་དང་པོ་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་དང་པོའི་ཐད། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡ གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ཐད་བསྐོས་རྣམས་ལས་བྱེད་སྒྲིག་གྲལ་སྡེ་ཚན་སྤྱིའི་ཁོངས་སུ་འཇུག་རྒྱུ་སོགས་ཀྱི་ཆེད་དེ་འབྲེལ་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་ཁྲིམས་འཆར་ཁག་གཅིག་བསྐྱར་བཅོས་ཁྲིམས་འཆར་སྤྱི་འཐུས་རྒྱུན་ལས་ནས་བསྣམས་ཕེབས་པ་རྣམས་དང་།

img_5066

ལས་བྱེད་དམིགས་བསལ་དགོས་གལ་བྱུང་ཚེ་བཀའ་ཤག་སྐབས་སོ་སོའི་ལས་ཡུན་རིང་དམིགས་བསལ་ཐད་བསྐོ་ཆོག་རྒྱུ་དང་། དེ་བཞིན་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས། རང་དབང་ཅན་གྱི་སྡེ་ཚན་ཁག་གི་མཛད་གཙོ་རྣམ་པར་བགྲེས་ཤག་གོ་སྒྲིག་མ་ཐུབ་བར་ཁང་དོད་འབུལ་ཕྱོགས་དང་འབྲེལ་བའི་སྒྲིག་གཞི་ཁག་ལ་བསྐྱར་བཅོས་ཁྲིམས་འཆར་བཅས་བཀའ་ཤག་ནས་བསྣམས་ཕེབས་པ་རྣམས་རིམ་པ་བཞིན་སྙན་སྒྲོན་དང་སྦྲགས་དྲི་བ་དང་། ལན་འདེབས་གསལ་བཤད་གནང་ནས་། དེ་དག་གི་བརྗོད་པ་དང་པོའི་ལས་རིམ་ཁག་ལེགས་གྲུབ་ཟིན་པ་དང་།

དེ་རྗེས་ལས་ཉིན་སྔོན་མའི་འཕྲོས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་ལན་འདེབས་གསལ་སྤྱི་འཐུས་རྣམ་པའི་དྲི་བ་ཁག་ལ་བཀའ་ལན་གནང་དང་།

དེ་རིང་ཉིན་རྒྱབ་གྲོས་ཚོགས་སུ་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་སྐུ་ཞབས་ V.Shashank Shekhar མཆོག་དང་། དེ་བཞིན་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Satyavrat Chaturvedi མཆོག རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Tamradhwaj Sahu མཆོག་རྣམ་གཉིས་ཀྱི་ཕྱག་རོགས་ལས་བྱེད་ཁག་དང་བཅས་པ་སྐུ་མགྲོན་དུ་ཕེབས་གནང་བར་གྲོས་ཚོགས་ནས་འཚམས་འདྲི་ཞུས་གནང་ཡོད།

img_5040

ཉིན་རྒྱབ་ཀྱི་ཚོགས་ཐུན་གཉིས་པར་དཔལ་ལྡན་ཚོགས་གཞོན་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་ཚོགས་འདུ་གཙོ་སྐྱོང་ཐོག་ནང་སྲིད་ཀྱི་ལས་དོན་མུ་མཐུད་བགྲོ་གླེང་ཆུ་ཚོད་དགོང་དྲོའི་ཆུ་ཚོད་ ༨།༠༠ བར་གནང་ཡོད་པ་བཅས་ཉིན་འདིའི་གྲོས་ཚོགས་སུ་བསྐྱངས་པའི་ལས་རིམ་སྙིང་བསྡུས་སུ།

 

Menu