བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༨ པའི་ཚོགས་བརྡ་བཏང་གནས།

༄༅། །ཚོགས་དྲུང་ལས་ཁུངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནང་གསལ་ལྟར་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༢ རེས་གཟའ་པ་སངས་ནས་ཚེས་ ༢༤ རེས་གཟའ་ལྷག་པའི་བར་ལས་དུས་ཉིན་གྲངས་བཅུ་གཅིག་རིང་བཞུགས་སྒར་གངས་ཅན་སྐྱིད་གཤོངས་སྤྱི་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཚུགས་གཏན་འཁེལ་བས། ཚོགས་མི་རྣམས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༡ ཉིན་ཚོགས་དྲུང་ལས་ཁུངས་སུ་འབྱོར་ཐོ་འགོད་འབུལ་ཟིན་པ་དགོས་པའི་བརྡ་ཐོ་དང་། བཞུགས་སྒར་དབུས་ལས་ཁུངས་ཁག་དང་། གཞུང་འབྲེལ་ཚགས་ཤོག་ཁག་ལའང་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢ ཉིན་གསལ་བསྒྲགས་གནང་ཡོད་པ་རེད།

7th session

 

 

 

 

 

 

 

 

 

Menu