བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྤྱི་འཐུས་རྣམ་པའི་མཛད་འཁུར་དམ་འབུལ།

ཁྲིམས་ཞིབ་པ་ཆེ་བའི་དྲུང་དུ་བར་བརྒལ་ཚོགས་གཙོ་མཆོག་ནས་དམ་འབུལ་བཞེས་བཞིན་པ།
ཁྲིམས་ཞིབ་པ་ཆེ་བའི་དྲུང་དུ་བར་བརྒལ་ཚོགས་གཙོ་མཆོག་ནས་དམ་འབུལ་བཞེས་བཞིན་པ།

༄༅། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༠ ཉིན་བོད་མི་མང་སྐབས་ ༡༦ པར་བདམས་ཐོན་སྤྱི་འཐུས་རྣམ་པས་ལས་ཁུར་དམ་འབུལ་གནང་དགོས་ལྟར། ཐོག་མར་སྔ་དྲོ་ཚོུད་ ༩།༣༠ ཐོག་བར་བརྒལ་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་ཆེས་མཐོའི་ཁྲིམས་ཁང་གི་སྲོང་བཙན་ཚོགས་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་དུ་ལས་ཁུར་དམ་བཅའ་འབུལ་བཞེས་གནང་གྲུབ་བསྟུན། སྔ་དྲོ་ཚོུད་ ༡༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པར་བདམས་ཐོན་སྤྱི་འཐུས་རྣམ་པས་རེ་རེ་བཞིན་བར་བརྒལ་ཚོགས་གཙོ་མཆོག་གི་མདུན་མཛད་ཁུར་དམ་འབུལ་གནང་ཡོད་པ་རེད།

IMG_0718
སྤྱི་འཐུས་རྣམ་པས་དམ་འབུལ་མཛད་སྒོ་གནང་བཞིན་པ།