བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་དབུས་གྲོས་ཚོགས་སུ་བོད་དོན་ཞུ་སྐུལ་གནང་བ།

༄༅། །དེང་སྐབས་རྒྱ་གར་གྱི་ཆར་དུས་གྲོས་ཚོགས་ཚོགས་བཞིན་པ་དང་བསྟུན་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་བཅས་རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆེད་ཕེབས་ཀྱིས་ཕྱི་ཚེས་ ༢༣ ཉིན་ནས་བཟུང་ཕྱི་ཚེས་ ༢༥ བར་རིམ་བཞིན་ ༡༽རཇ་སི་ཐན་ནས་ཡིན་པ་ Bharatiya Janata Party (BJP) སྲིད་དོན་ཚོགས་མི་དང་། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ རམ་ ནརཱ་ཨིན་ དྷུ་དྷི་ (Shri Ram Narain Dudi) མཆོག་དང་།

༢༽ཡུ་པི་ནས་ཡིན་པ་ Samajwadi Party (SP) སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་ཅནྡ་རཱ་པལ་ སིངྷ་ ཡ་དྷེབ་ (Dr. Chadrapal Singh Yadav) མཆོག ༣༽བྷི་ཧར་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ སང་ཇའེ་ ཇསེ་ཝལ་ (Dr. Sanjay Jaiswal) མཆོག ༤༽ Bharatiya Janata Party (BJP) སྲིད་དོན་ཚོགས་པའི་དབུས་འཛིན་སྐྱོང་སྤྱི་ཁྱབ་དྲུང་ཆེ་ མ་ཧེན་དྷརཱ་ པན་ཌེ་ (Mahendra Pandey) མཆོག

༥༽པན་ཇབ་ནས་ཡིན་པ་ Indian National Congress Party (INC) སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་ ཤམ་ཤེར་ སིངྷ་ དྷུ་ལོ་ (Shri Shamsher Singh Dullo) མཆོག ༦༽གྷུཇ་རཏ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ ཀིརྟི་ པེརེམ་ཇི་བྷའེ་ སོ་ལན་ཀི་ (Dr.(Prof.) Kirti Peremjibhai Solanki) མཆོག ༧༽ནུབ་བྷང་གྷལ་ནས་ཡིན་པ་ INC སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ མའུ་སམ་ ནཽར་ (Smt. Mausam Noor) མཆོག ༨༽མ་དྷེཡ་པར་དེཤ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ རི་ཏི་ པཱ་ཊཀ་ (Smt. Riti Pathak) མཆོག ༩༽བྷི་ཧར་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ སུ་ཤིལ་ ཀུ་མར་ སིངྷ་ (Shri Sushil Kumar Singh) མཆོག ༡༠༽བྷི་ཧར་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ ས་ཏིཤ་ ཅནྡ་རཱ་ དྷུ་བྷའེ་ (Shri Satish Chandra Dubey) མཆོག ༡༡༽ཇག་ཁནྜ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ པ་ཤུ་པ་ཏི་ ནཱཐ་ སིངྷ་ (Shri Pashupati Nath Singh) མཆོག

༡༢༽སྲིད་འཛིན་གྱིས་ཐད་བསྐོས་གནང་བ་གྲོས་ཚོགས་གོང་མའི་འཐུས་མི་ སཝཱ་པན་ དྷས་གྷུབ་ཏ་ (Shri Swapan Dasgupta) མཆོག ༡༣༽ཡུ་པི་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ ར་ཝི་དྷརཱ་ ཀུཤཱ་ཝ་ཧ་ (Shri Ravindra Kushwaha) མཆོག ༡༤༽བྷི་ཧར་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ ནི་ཏེ་ཡ་ནནྡ་ རའི་ (Shri Nityanand Rai) མཆོག ༡༥༽ཡུ་པི་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ ནེ་པལ་ སིངྷ་ (Dr.Nepal Singh) མཆོག ༡༦༽ཨ་སམ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ ར་མེན་ དྷེ་ཀཱ་ (Shri Ramen Deka) མཆོག ༡༧༽ཆ་ཏིས་གྷར་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ ར་མེཤ་ བྷི་ཨས་ (Shri Ramesh Bais) མཆོག ༡༨༽ཧ་རི་ཡ་ན་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ རམ་མེཤ་ ཅན་དྷེར་ ཀཱའུ་ཤིཀ་ (Shri Ramesh Chander Kaushik) མཆོག

༡༩༽ཏི་ལིང་གྷ་ན་ནས་ཡིན་པ་ Telangana Rashtra Samithi (TRS) སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ ཨ་ཛུ་མཻརཱ་ སེ་ཏ་རམ་ (Dr. Azmeera Seetaram) མཆོག ༢༠༽ཨ་སམ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ བྷི་ཇོ་ཡ་ ཅ་ཀར་ཝརྟེ་ (Smt Bijoya Chakravarty) མཆོག ༢༡༽མ་ཧ་ར་ཤི་ཏྲི་ཡ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་ ཝི་ནའེ་ པི་ སཧཱ་སུར་བྷུདྷེ་ (Dr. Vinay P. Sahasrabudhe) མཆོག ༢༢༽ནུབ་བྷང་གྷལ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། སྲིད་འཛིན་གྱི་ཐད་བསྐོས་གྲོས་ཚོགས་གོང་མའི་འཐུས་མི་ རཽ་པ་ གྷང་གུ་ལའེ་ (Smt Roopa Ganguly) མཆོག ༢༣༽ཨ་སམ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ རམ་མེ་སེ་ཝར་ ཊེ་ལི་ (Shri Rameswar Teli) མཆོག ༢༤༽ཀ་ཎ་ཀྲ་ཀ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ པཪ་ལཧྡ་ ཝེན་ཀཱ་ཏེཤ་ ཇོ་ཤི་ (Shri Pralhad Venkatesh Johsi) མཆོག་བཅས་སུ་ཞོགས་པ་གྲོས་ཚོགས་མ་ཚོགས་གོང་དང་དགོང་མོ་གྲོས་ཚོགས་གྲོལ་མཚམས་རྣམས་སུ་འཐུས་མི་སོ་སོའི་བཞུགས་གནས་སུ་ཆེད་བཅར་གྱིས་མཇལ་འཕྲད་གནང་ཡོད་འདུག

མཇལ་འཕྲད་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་འཚམས་འདྲིའི་མཇལ་དར་དང་ཕྱག་རྟགས་ཕུལ་རྗེས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། འཕགས་བོད་གཉིས་ཆོས་དང་རིག་གཞུང་། ཁོར་ཡུག་གནས་བབ་བཅས་ཀྱི་འབྲེལ་ལམ་དང་བོད་རྒྱ་ནག་གིས་དབང་དུ་བསྒྱུར་རྗེས་ཀྱི་ཉེན་ཚབས་སྐོར། བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་བཅས་གསལ་བཤད་དང་། དེ་བཞིན་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་འདུ་སྔ་རྗེས་སུ་བཞག་གནང་བ་རྒྱ་གར་གྲོས་ཚོགས་འཐུས་མིས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་སྐོར་གྲོས་ཆོད་ཁག་གི་དགོངས་དོན་མཇུག་སྐྱོང་དང་། རྒྱབ་སྐྱོར་ཡོང་ཐབས། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་སྐྱབས་བཅོལ་བར་བཀའ་དྲིན་བསྐྱངས་གནང་བར་ཐུགས་རྗེ་ཆེ་སོགས་ཞུས་པར་གཙོ་བོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་མྱོང་མཁན་རྣམས་བོད་དོན་སྐོར་ལ་མཁྱེན་རྟོགས་དང་རྒྱབ་སྐྱོར་སྨོས་མེད་ཐོག་ཐུགས་ཁུར་ལམ་སྟོན་དང་། སྤྱི་ཡོངས་ནས་ཚང་མས་ཐུགས་སྣང་ཤུགས་ཆེ་གནང་གི་ཡོད་འདུག་ཀྱང་བོད་ཀྱི་གནད་དོན་སྐོར་མ་མཁྱེན་པ་འགའ་ཞིག་འདུག་པ་ལའང་བོད་དོན་ངོ་སྤྲོད་སོགས་ཀྱི་ཕན་ཐོགས་གང་ལེགས་ཀྱིས་ད་སྐབས་ལས་རིམ་མུ་མཐུད་འགྲོ་བཞིན་ཡོད་ཅིང་། གྲོས་ཚོགས་འཐུས་མི་རྣམས་ལ་དུས་ཚོད་ཞུས་ཏེ་མཉམ་བཅར་ཞུ་རྒྱུ་སོགས་ཀྱི་འགན་ཁུར་གཙོ་བོ་འཕགས་བོད་འབྲེལ་མཐུད་ཁང་གི་ལས་བྱེད་བསྟན་འཛིན་དཔལ་འབྱོོར་ལགས་ཀྱིས་ཞུ་བཞིན་པ་དང་། ཚོགས་དྲུང་ལས་བྱེད་སྐལ་བཟང་གཡུ་སྒྲོན་ལགས་དང་། འཕགས་བོད་འབྲེལ་མཐུད་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་གཉིས་ཀྱང་མཉམ་བཅར་ཞུ་བཞིན་ཡོད་འདུག་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ། །

Menu