བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་བྱང་ཤར་མངའ་སྡེ་ཁག་གསུམ་ནང་བོད་དོན་ཞུ་སྐུལ་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྐབས་དུས་སོ་སོར་རྒྱ་གར་དང་རྒྱལ་སྤྱིའི་ནང་མི་སྣ་མཇལ་འཕྲད་དང་། བོད་དོན་ཞུ་སྐུལ་གྱི་ལས་འཆར་ཡོད་པ་ལྟར། སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་རྒྱལ་ཡོངས་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཐེངས་དང་པོ་བསྐྱངས་གནང་ཡོད་པ་དང་། ད་རེས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་བཅས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ ནས་ཟླ་ ༨ ཚེས་ ༣ བར་རྒྱ་གར་བྱང་ཤར་མངའ་སྡེ་ཨ་སམ་ (Assam) དང་། ཨ་རུ་ནཱ་ཅལ། (Arunachal Pradesh) དེ་བཞིན་མེ་གྷ་ལ་ཡ་ (Meghalaya) བཅས་ཀྱི་ནང་བོད་དོན་ཞུ་སྐུལ་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཟླ་ ༧ ཚེས་ ༢ ཉིན་སོ་སོའི་བཞུགས་གནས་ནས་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༤ ཉིན་གྷོ་ཝ་ཧ་ཌིར་ཕེབས་འཛོམས་གནང་རྒྱུ་དང་། ཕྱི་ཚེས་ ༥ ནས་ ༨ བར་ས་གནས་སུ་ལས་འཆར། རིམ་བཞིན་ཨི་ཀྲ་ནཱ་གར་དང་། འབུམ་སྡེ་ལ། རྟ་ཝང་། ཤིས་ལོངས། གྷོ་ཝ་ཧ་ཌིར་བཅས་ལ་ལས་འཆར་ཡོད་པའི་གནས་ཚུལ་དུ། །

Menu