བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྲོས་ཚོགས་འཐུས་མི་མཇལ་འཕྲད་ཀྱི་ལས་རིམ་འགྲོ་བཞིན་པའི་ཉིན་དང་པོ་གསུམ་གྱི་གནས་བསྡུས།

རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨ་མར་ སབ་ལེ་ (Shri.Amar Sable)

༄༅། །ཕྱི་ལོ་༢༠༡༧ ཟླ་ ༧ ཚེས་ ༣༠ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་རྣམ་གཉིས་ཀྱིས་སྣེ་ཁྲིད་འོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྡ་ས་ནས་ཕེབས་ཐོན་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་བཞིན་པའི་གྲོས་ཚོགས་གོང་འོག་གི་འཐུས་མིར་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། སྤྱི་ཡོངས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་ཐབས་རེ་བསྐུལ་ཞུ་བཞིན་ཡོད་འདུག

          དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༣༡ ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ ༨ པའི་ཚེས་ ༢ བར་ཉིན་ལྟར་ཞོགས་པ་ཆུ་ཚོད་ ༨།༠༠ པ་ནས་དགོང་དྲོ་ཆུ་ཚོད་ ༨།༠༠ བར་དེང་སྐབས་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་ཆར་དུས་གྲོས་ཚོགས་འཚོགས་བཞིན་པར་ཚོགས་འདུའི་བར་གསེང་དུས་ཚོད་དང་བསྟུན་ནས་གྲོས་ཚོགས་འཐུས་མི་སྔར་མཇལ་འཕྲད་མ་མྱོང་བའི་སྲིད་དོན་ཚོགས་པ་ཁག་  ༦ ཙམ་གྱི་གྲོས་ཚོགས་འཐུས་མི་ ༡༨ མཇལ་འཕྲད་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ཕྱི་ནང་གཉིས་ཀར་རང་ལུས་མེར་སྲེག་གནང་མཁན་ཇེ་མང་དུ་འགྲོ་བཞིན་པ་བཅས་ཀྱི་སྐོར་གསལ་བཤད་དང་། ཕྱི་ལོ་ ༡༩༧༠ ནས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་ཚུགས་པ་ནས་བཟུང་འཛམ་གླིང་རྒྱལ་ཁབ་ ༣༠ ཙམ་ལ་ད་ལྟའི་ཆར་གྲོགས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ཐུབ་པ་བྱུང་ཡོད་པ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཀྱང་ད་བར་ཐེངས་དྲུག་ཙམ་ཚོགས་ཐུབ་པ་བྱུང་ཡོད་པའི་སྐོར་དང་། ཚོགས་ལ་ཉེ་བའི་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུར་མཉམ་ཞུགས་ཡོང་བའི་རེ་འདུན་ཞུ་སྙན་ཡིག་ངག་གཉིས་ཐོག་ནས་ཞུས་ཡོད་པ་རེད་འདུག

          རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པ་མཇལ་འཕྲད་སྐབས་གྲོས་ཚོགས་འཐུས་མི་མང་ཆེ་བས་བོད་ཀྱི་གནད་དོན་དེ་རྒྱ་གར་དང་ཧ་ཅང་འབྲེལ་བ་ཆགས་ཀྱི་ཡོད་སྟབས་རྣམ་ཀུན་ནས་ཐུགས་སྣང་ཡོད་མུས་ལ། རྒྱ་ནག་གཞུང་གིས་བོད་ཙམ་མ་ཟད། རྒྱ་གར་གྱི་ས་མཚམས་ཁག་ལའང་དཀའ་རྙོག་བཟོ་བཞིན་ཡོད་པའི་སྐོར་ཐད་ཀར་བོད་དོན་དང་འབྲེལ་བ་ཆགས་ཡོད་པས་ང་ཚོས་དོ་སྣང་མ་བྱས་ཀ་མེད་ལྟ་བུ་ཆགས་ཡོད་ལ། ད་ལན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྣམ་པ་ཆེད་ཕེབས་གནང་བས་ང་ཚོར་བོད་དོན་སྐོར་གོ་རྟོགས་ཆེ་རུ་ཕྱིན་པ་མ་ཟད། བོད་ཀྱི་གནད་དོན་སྐོར་གྲོས་ཚོགས་ནང་དང་། ཆབ་སྲིད་ཚོགས་པ་ཁག་གི་ཚོགས་འདུ་བཅས་སུ་བགྲོ་གླེང་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་པ་རེད།

          དེ་བཞིན་ཐེངས་འདིའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༣༡ ནས་ཕྱི་ཟླ་ ༨ ཚེས་ ༡༠ བར་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་འཐུས་མི་མཇལ་འཕྲད་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་བཅས་ཀྱི་ལས་རིམ་མུ་མཐུད་བཞིན་ཡོད་པ་བཅས།

 

རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨེཇ་ ཨེས་ ཁལ་ས་(Shri.H.S.Khalsa)

རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨ་བི་ཇི་ཏ་ མུ་ཁ་རཇི་ (Shri.Abhijit Mukherjee)

རྒྱ་གར་གྲོ་ས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀུན་ཝར་ ཧ་རི་བན་ཤི་ སིང་ (Shri. Kunwar Haribansh Singh)

རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རམ་རྡ་ས་ ཅན་རྡ་ར་ཇི་ (Shri Ramdas Chandrabanji)

རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རན་ཇི་ཏ་ རན་ཇ་ (Shri.Narendra Jadhav)

རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབསཝི་རན་རྡར་ ཀ་ཤབ་ (Shri. Virender Kashyap)

རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཤི་རང་ བར་ནི་ (Shri. Shrirang Barne )

རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ རན་ཇིཏ་ རན་ཅན་ (Smt.Ranjeet Ranjan)

རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རམ་ ནཏ་ ཕྲ་ཀུར་(Shri. Ram Nath Thakur)

རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རཱ་ཇེ་ཤེ་ པན་ཌི་ (Shri. Rajesh Pandey)
རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ར་ ཀེ་ སིན་ཧ་ (R.K.Sinha)

རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ པིར་ཡན་ཀ་ སིང་ ར་ཝ་ཏ་ (Smt.Priyanka Singh Rawat)

རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ ཀེ་ སི་ ར་མ་མུར་ཐི་ (Shri.K.C.Ramamurthy)

རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ ཇོར་ཇི་ བེ་ཀར་ (Shri.George Baker)
རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མ་ི་སྐུ་ཞབས་ རཱམ་ ཤན་ཀར་ (Shri.Prof. Ram Shankar)
རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ ནེ་ ཀེ་ པེརིམ་ ཅན་ད་རན་ (Shri.N.K. Premchandran)
རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ལལ་ སིན་ ཝ་ཌོ་དཱ་ (Shri.Lal Sinh vadodia)
Menu