༄༅། །ཕྱི་ལོ་ ༢༠༡༧ ལོའི་ཟླ ༦ ཚེས་ ༣ ཉིན་བོད་པའི་སློབ་ཕྲུག་ནས་དང་དུ་བླངས་ཏེ་བཙུགས་པའི་བྱམས་སེམས་གཞོན་སྐྱེས་ཚོགས་པའི་ཚོགས་མི་ཁག་ཅིག་ཉིན་རྒྱབ་ཆུ་ཚོད་ ༤།༠༠ པ་ཙམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་མཇལ་འཕྲད་གནང་བ་དང་། དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དུ་དཔལ་ལྡན་ཚོགས་གཞོན་མཆོག་གིས་དེང་གི་སྙིགས་མའི་དུས་འདིར་བྱམས་བརྩེ་ནི་ཤིན་ཏུ་ནས་དགོས་གལ་ཆེན་པོ་ཡིན་པ་དང་། སློབ་ཕྲུག་རྣམས་ནས་མ་བསྐུལ་དང་བླངས་ཀྱི་སྒོ་ནས་ཚོགས་པ་དེ་འདྲ་ཞིག་བཙུགས་ནས་སྤྱི་ཚོགས་ལ་ཕན་པ་བསྐྲུན་པ་ནི་དངོས་ནས་གཟི་བརྗིད་ཆེ་བ་ཞིག་ཡིན་པར་བསྔགས་བརྗོད་ཞུས་གནང་གྲུབ་བསྟུན་བཙན་བྱོལ་ནང་བོད་མིའི་མང་གཙོ་བྱུང་སྟངས་སྐོར་དང་། གྲོས་ཚོགས་ཀྱི་འགྲོ་ལུགས། བོད་མིའི་སྒྲིག་འཛུགས་དང་། དབུ་མའི་ལམ་གྱི་སྐོར་སོགས་ཀྱི་ངོ་སྤྲོད་མདོར་བསྡུས་གནང་ཡོད།
བྱམས་སེམས་གཞོན་སྐྱེས་ཚོགས་པ་དེ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༤ ཉིན་སྡེ་ར་ལྡུན་ཁུལ་དུ་རྟེན་གཞི་བྱས་པའི་མ་སུ་རིའི་སློབ་ཕྲུག་ཁག་ཅིག་གིས་མགོན་མེད་དབུལ་ཕོངས་དག་ལ་རོགས་རམ་བྱེད་རྒྱུའི་སླད་བཙུགས་པ་ཞིག་ཡིན་འདུག ཚོགས་པ་དེས་དཀའ་ངལ་ཡོད་པའི་བོད་མིར་རོགས་རམ་བྱེད་ཀྱི་ཡོད་པ་དང་། རྒན་གསོ་ཁང་འདྲ་མིན་ལ་གཙང་འཕྲོད་ཐོག་ཞབས་ཞུ་སྒྲུབ་པ། ཉམ་ཐག་ནད་གཅོང་རིགས་ལ་སྨན་བཅོས་མཐུན་འགྱུར་ཞུ་ཡི་ཡོད་འདུག་པའི་གནས་ཚུལ་དུ།།