བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཨ་རིའི་མངའ་སྡེ་ North Carolina ཡི་གྲོང་ཁྱེར་ Raleigh གྱི་གྲོང་སྡེའི་སྤྱི་ཁྱབ་ Mayor ལྕམ་སྐུ་ Nancy Mcfarlane མཆོག་དང་ Dr.Jon Kolkin མཆོག་རྣམ་གཉིས་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༥ ཚེས་ ༨ ཉིན་ཨ་རིའི་མངའ་སྡེ་ North Carolina ཡི་གྲོང་ཁྱེར་ Raleigh གྱི་གྲོང་སྡེའི་སྤྱི་ཁྱབ་ Mayor ལྕམ་སྐུ་ Nancy Mcfarlane མཆོག་དང་ Dr.Jon Kolkin མཆོག་རྣམ་གཉིས་སྔ་དྲོ་ཕྱག་ཚོད་ ༡༢།༠༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཕེབས་བསུའི་འཚམས་འདྲི་དང་མཇལ་འཕྲད་གནང་ཡོད།   ཚོགས་གཙོ་མཆོག་གིས་བོད་ནང་སྐད་ཡིག་དང་། རིག་གཞུང་། དེ་བཞིན་ཆོས་ལུགས་སོགས་ཀྱི་རང་དབང་མེད་སྐོར་བཅས་ཀྱི་ཐད་ཕན་ཚུན་ཆུ་ཚོད་ཕྱེད་ཀ་ཙམ་རིང་དགོངས་ཚུལ་བརྗེ་ལེན་གནང་བ་དང་། དེ་རྗེས་སྐུ་མགྲོན་རྣམ་པ་གྲོས་ཚོགས་སུ་གཟིགས་སྐོར་ལ་ཕེབས་པ་བཅས་ཀྱི་གནས་ཚུལ་དུ།།

 

 

 

Menu