བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་བཅུ་པའི་གནས་ཚུལ།

IMG_8071

ཕྱི་ལོ ༢༠༡༧ ཟླ་ ༣ ཚེས་ ༢༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཀྱིས་གྲོས་ཚོགས་ཀྱི་ལས་ཉིན་བཅུ་པ་དབུ་འཛུགས་གནང་སྟེ། ཐོག་མར་ཚོགས་གཙོ་མཆོག་ནས་དྲི་བ་དྲི་ལན་གྱི་དུས་ཚོད་མེད་གསུངས་པ་དང་སྦྲགས། ཉིན་སྔ་མའི་འཕྲོ་སྐྱོང་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་རྗེས། ལས་རིམ་གཉིས་པ་ཁྲིམས་བཟོའི་སྐྱར་བཅོས་ཀྱི་བརྗོད་པ་གཉིས་པའི་ཐོག་བགྲོ་གླེང་གི་གོ་སྐབས་ཕུལ་རྗེས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གྱི་གྲོས་ཚོགས་ཚོགས་དུས་རྗེས་མར་བསྐྱར་བཅོས་ལ་བཟོ་བཅོས་བཀའ་ཤག་ནས་བསྣམས་ཕེབས་རྒྱུའི་དགོངས་ཚུལ་བསྟོན་པར།

IMG_8073

དཔལ་ལྡན་ཚོགས་གཙོ་མཆོག་ནས་ཁྲིམས་བཟོའི་སྒྲིག་གཞི་དགོངས་དོན་བཞིན་དགོངས་བཞེས་གནང་ནས་གྲོས་ཚོགས་ཚོགས་དུས་རྗེས་མར་གནང་རྒྱུ་གནང་། དེ་རྗེས་ཚོགས་ཆུང་གི་ཚོགས་མི་གཅིག་ལ་གསལ་བཤད་གནང་རྒྱུའི་གོ་སྐབས་ཕུལ་བས་ཚོགས་ཆུང་གི་དྲུང་ཆེ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་གསལ་བཤད་གནང་། སླར་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གསལ་བཤད་གནང་ཡོད།

IMG_8078

དེ་ནས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༧ པའི་སྙན་ཐོ་བཀའ་ཤག་གིས་མཇུག་གནོན་གནང་བར་སྤྱི་འཐུས་རྒྱུན་ལས་ཀྱིས་བསྐྱར་ཞིབ་དང་འབྲེལ་མཇུག་གནོན་གནང་བའི་སྙན་ཐོ་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་སྙན་སྒྲོན་གནང་སྟེ། བགྲོ་གླེང་དགོས་པའི་གྲོས་འཆར་འདོན་མཁན་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་རྒྱབ་སྐྱོར་གནང་སྟེ། བགྲོ་གླེང་ལྷུག་པོ་གནང་ཡོད་པའི་གནས་ཚུལ་དུ།།

Menu