བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་དགུ་པའི་གནས་ཚུལ།

IMG_8043

ཕྱི་ལོ ༢༠༡༧ ཟླ་ ༣ ཚེས་ ༢༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཀྱིས་གྲོས་ཚོགས་ཀྱི་ལས་ཉིན་དགུ་པ་དབུ་འཛུགས་གནང་སྟེ། ཐོག་མར་ཚོགས་གཙོ་མཆོག་ནས་དྲི་བ་དྲི་ལན་གྱི་དུས་ཚོད་མེད་གསུངས་པ་དང་སྦྲགས། ཉིན་སྔ་མའི་འཕྲོ་སྐྱོང་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་རྗེས་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་བཞིན་ཡོད།

IMG_8032

རྒྱ་གར་གཞུང་ཚབ་དང་། ཕྱི་དྲིལ་དྲུང་ཆེ་ཟུར་པ་སྐུ་ཞབས་ Kanwal Sibal མཆོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གདན་ཞུས་ལྟར་ཉིན་གསུམ་རིང་རྡ་སར་ ཕེབས་གནང་མཛད་པས། ད་རིང་སྔ་དྲོའི་གྲོས་ཚོགས་ཀྱི་སྐུ་མགྲོན་དུ་ཕེབས་གནང་ཡོད་པ་རེད། དེ་བཞིན་ཕྱི་དྲིལ་ལས་ཁུངས་བརྒྱུད་རྒྱ་གར་གྱི་གསར་འགོད་པ་གསུམ་དང་། ཨི་ལན་བོད་ཀྱི་ཚོགས་པའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Riki Hdye Chammer མཆོག་བཅས་གྲོས་ཚོགས་ཀྱི་སྐུ་མགྲོན་དུ་ཕེབས་གནང་ཡོད་པའི་གནས་ཚུལ་དུ།།

 

[envira-gallery id=”13872″]

 

Menu