བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཞོན་མཆོག་ Kunndiya Gayatri སྦྱིན་སྲེག་ཀྱི་སྐུ་མགྲོན་དུ་ཕེབས་པ།

img20161118153240

ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༨ ཉིན་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་གི་ཉེ་འགྲམ་དུ་ཡོད་པའི་ཀ་ཅ་རི་ཉེན་རྟོག་པའི་ཐང་ཆེན་དུ་ Akhil Visha Gayathai Pariwar Distt kangra ནས་གོ་སྒྲིག་གནང་ 24th Kundiya Gayatri སྦྱིན་སྲེག་དང་། Kailash Yatra ཅེས་པའི་གངས་རིན་པོ་ཆེར་གོམ་བགྲོད་ཅེས་པ་དེ་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣།༠༠ ཙམ་ལ་དབུ་འཛུགས་གནང་ཡོད་པ་རེད། དེ་ཡང་མཛད་རིམ་ཁག་ལེགས་གྲུབ་ཟིན་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་ལ་བཀའ་སློབ་གནང་རོགས་ཞེས་རེ་སྐུལ་ཞུས་པ་བཞིན་གསུང་དོན། ཐོག་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཁྱེད་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱིར་རྒྱ་གར་ནང་ལ་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་ཀྱང་ཚང་མ་ཕན་ཚུན་མཐུན་བསྒྲིལ་གནང་དགོས་པ་ནི་གལ་ཆེན་པོ་རེད། ང་ཚོའི་ནང་པའི་ཆོས་དེ་ཡང་རྒྱ་གར་ནས་ཚུར་བྱུང་བ་ཞིག་ཡིན་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བོད་པ་ཚོ་བཙན་བྱོལ་ནང་རང་གི་རིག་གཞུང་དང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་ཐུབ་པ་བྱུང་ཡོད། འོན་ཀྱང་ད་ཆ་བོད་ནང་གི་གནས་སྟངས་ཧ་ཅང་གི་ཛ་དྲག་པོ་ཡིན་ལ། བོད་ནང་གནས་པའི་བོད་མི་ཚོར་རང་དབང་མེད་པ་མ་ཟད། ཐ་ན་རང་ཉིད་ཀྱི་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཡང་ཉར་མི་ཆོག་པའི་གནས་སུ་ཡོད་རེད། དེར་བརྟེན། ཁྱེད་རྣམ་པ་ཚོ་ད་ཆ་རང་ཉིད་རང་ཡུལ་ལ་རང་དབང་ཡོད་ཐོག་གནས་ཡོད་པས། རང་གི་རིག་གཞུང་དང་། སྐད་ཡིག ལེགས་བྱང་སོགས་ལ་བདག་གཅེས་གནང་དགོས་པ་གལ་ཆེན་པོ་ཡིན་པ་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད། མཇུག་ཏུ་གོ་སྒྲིག་ཚོགས་ཆུང་ནས་དཔལ་ལྡན་ཚོགས་གཞོན་མཆོག་ལ་ཕྱག་རྟགས་ཕུལ་གནང་ཡོད་པའི་གནས་ཚུལ་དུ།།

img20161118153247

Menu