བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་༢༠༡༢ ཟླ་ ༦ ཚེས་ ༡༦ ནས་ ༢༨ བར་དབྱིན་ལནཌ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

 

དབྱིན་ལནཌ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།དབྱིན་ལནཌ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

དེ་ཡང་ཚོགས་གཙོ་མཆོག་ཕྱི་ཚེས་ ༡༦ ཉིན་རྡ་ས་ནས་ཕེབས་ཐོན་གྱིས་ཚེས་ ༡༧ དགོང་མོར་ལོན་ཌོན་གྱི་གནམ་ཐང་དུ་ཕེབས་རྗེས་ Tibet Society ཡི་སྐུ་ཞབས་ Riki Hyde Chambers དང་ལྕམ་སྐུ་ Philippa Carrick རྣམ་གཉིས་ཀྱིས་ཕེབས་བསུ་དང་སྟབས་བསྟུན་ལས་དོན་ཐོག་གོ་བསྡུར་གནང་བ་དང་།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོན་ཌོན་དུ་ཆིབས་བསྒྱུར་བསྐྱངས་སྐབས་མགྲོན་ཁང་དུ་ཕེབས་བསུར་བཅར་བ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྕམ་སྐུ་ Aung San Suu kyi རྣམ་གཉིས་མཇལ་འཕྲད་སྐབས་དང། ༸གོང་ས་མཆོག་གིས་ Westminster གཙུག་ལག་ཆེན་མོའི་ནང་མང་གཙོའི་གལ་གནད་དང་བོད་དོན་དཀའ་རྙོག་དང་འབྲེལ་བའི་གནད་དོན་ཐོག་བཀའ་སློབ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ལ་མཇལ་འཕྲད་དང་བཀའ་སློབ། ཆེས་སྙན་གྲགས་ཆེ་བའི་ Royal Albert ཚོགས་ཁང་ནང་བཀའ་སློབ། དབྱིན་ཇིའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ Ed Millaband མཆོག་དང་མཇལ་འཕྲད་བཅས་སུ་ལྷན་བཅར་ཞུས་ཡོད། ཕྱི་ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྙན་གྲགས་ཆེ་བའི་ London School of Ecomomics and  Political Sciences སློབ་གཉེར་ཁང་དུ་བཀའ་སློབ་དང། Westminster Abbey ཡི་ཤུའི་ལྷ་ཁང་ནང་ཆོས་ལུགས་མི་འདྲ་བའི་དབུ་ཁྲིད་ ༢༠ ལྷག་ཙམ་དང་མི་མང་བཅས་པར་བཀའ་སློབ། དེ་སྔ་བོད་ནང་དུ་གནས་སྡོད་བྱེད་མྱོང་བའི་དབྱིན་ཇིའི་མི་སེར་གྱི་རྒྱུད་འཛར་ནང་མི་དང་བཅས་པ་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ། དེ་བཞིན་དབྱིན་ཇིའི་གྲོས་ཚོགས་གོང་འོག་གི་ཚོགས་གཙོ་རྣམ་གཉིས་དབུས་པའི་འཐུས་མི་ཁག་དང་གསོལ་ཚིགས་ལྷན་བཞེས་དང། གྲོས་ཚོགས་འཐུས་མི་བརྒྱ་སྐོར་ཞིག་དང། གཞུང་ཚབ་ཁག་གཅིག་ལ་བཀའ་སློབ་སྩལ་སྐབས་སོགས་སུ་ལྷན་བཅར་ཞུས་གནང་བ་མ་ཟད། ཕྱི་ཚེས་ ༢༡ ཉིན་དབྱིན་ལནཌ་དུ་གནས་སྡོད་བོད་མི་ ༦༠༠ ཙམ་ལ་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་ཡོད་པ་རེད། དེ་བཞིན་དབྱིན་ལནཌ་དུ་གནས་སྡོད་བོད་རིགས་གཞོན་སྐྱེས་ཁག་གཅིག་གི་དྲི་བ་ཁག་ལ་ལན་འདེབས་དང། དབྱིན་ལན་སྐུ་ཚབ་དོན་གཅོད་ལྷན་དུ་གོ་བསྡུར། Tibet Society འགན་འཛིན་ Philippa Carrick དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་ Nick དང་བཅས་ཐུག་འཕྲད་ཀྱིས་ད་ལྟའི་བོད་ནང་རྒྱ་ནག་གི་སྲིད་བྱུས་ངོ་སྤྲོད་དང། དབྱིན་ལནཌ་ཕྱི་སྲིད་ལས་ཁུངས་ནས་བོད་དོན་རོགས་སྐྱོར་གནང་དགོས་རིགས་ལ་འགྲེལ་བཤད་གནང་བཅས་ཀྱི་ལས་དོན་ལེགས་གྲུབ་བྱུང་སྟེ་ཕྱི་ཚེས་ ༢༧ ཉིན་རྡ་སར་ཕྱིར་ཕེབས་གནང་ཡོད་པ་རེད།།

Menu