༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༩ པའི་ཚེས་ ༤ ཉིན་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་སྐབས་བཞིའི་རིང་རྒྱ་གར་བློན་ཆེན་གནང་མྱོང་མཁན་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཏཇ་ མོ་ཧི་དྷིན་ (Shri. Taj Mohiuddin, who has served four times as Minister, and former MLA) མཆོག་དང་། ཇ་མུ་ཀ་ཤི་མིར་གྱི་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤའོ་ཀཏ་ བྷཏ་ (Shri. Showkat Bhath, President of Congress J&K) མཆོག ཨམ་ ཨེ་དྷི་མི་ སྲིད་དོན་ཚོགས་པའི་གཞོན་སྐྱེས་འགོ་ཁྲིད་སྐུ་ཞབས་ཇི་བྷེ་རན་ ཌར་ (Shri. Jibran Dar, Youth Leader of Aam Aadmi Party J&K) མཆོག ཇེ་ཌི་ཡུ་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇི་ ཨེམ་ ཤ་ཧིན་ (Shri. G.M Shaheen, President of JDU J&K) མཆོག གྲོང་གསེབ་ཀྱི་འགོ་ཁྲིད་སྐུ་ཞབས་ཏ་རིག་ ཨེ་མཏ་ (Tarig Ahmad, Village Sarpanch) མཆོག སྤྱི་ཚོགས་ཞབས་ཞུ་བ་ཊ་པེར་ ཨབ་དྷུལ་ ནཊ་ལེ་ (Tapper Abdul Natalie, Social worker in pattan) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་གནང་སྟེ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་ཀྱིས་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ཞུ་སྐུལ་དང་། ཚོགས་གཙོའི་མཚན་རྟགས་འཁོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དོན་ཚན་བཅུ་ཅན་གྱི་བོད་དོན་ཞུ་ཡིག་དང་། དྲན་རྟེན་ཕྱག་རྟགས་བཅས་སོ་སོར་ཕུལ་གནང་ཡོད་པ་དང་། དེ་བཞིན་ཤྲི་ན་གྷར་ལ་ཡོད་པའི་བོད་པའི་སློབ་གྲྭར་གཟིགས་སྐོར་དང་། གནས་སྡོད་བོད་རིགས་རྣམས་དང་ཐུག་འཕྲད་གནང་ཡོད་པ་བཅས།