༄༅། ། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་བཅས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༧ ནས་འགོ་འཛུགས་ཏེ། རྒྱ་གར་དབུས་གཞུང་གི་ཐད་ཀར་འཛིན་སྐྱོང་འོག་ཡོད་པའི་ཇ་མུ་ཀ་ཤི་མིར་ཁུལ་ལ་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༨ ཉིན་བོད་མི་མང་སྤྱི་འཐུས་རྣམ་པས་ཇ་མུ་ཀ་ཤི་མིར་གྱི་སྤྱི་ཁྱབ་བློན་ཆེན་གཞོན་པ་ཟུར་པ་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཀ་ཝིན་དྷར་ གྷུབ་ཏ་ (Shri. Kavinder Gupta, Former Deputy Chief Minister and Former Speaker Of Jammu and Kashmir Assembly) མཆོག་དང་། གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་གཞོན་པ་ཟུར་པ་སྐུ་ཞབས་ཅན་དྷར་ གྷུབ་ཏ་ (Shri. Chander Mohan Gupta, Former Deputy Mayor) མཆོག ས་གནས་བྷི་ཇེ་པི་སྲིད་དོན་ཚོགས་པའི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ལྕམ་སྐུ་ཀམ་ལ་ གྷུབ་ཏ་ (Mrs Kamal Gupta, Vice president of BJP Women Association) མཆོག ཇ་མུ་ཁུལ་གྱི་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་བྷལ་ཌེབ་ སིངྒ་ (Shri Baldev Singh, Deputy Mayor of Jammu) མཆོག ཇ་མུ་ཀ་ཤི་མིར་ཁྲིམས་ཞིབ་ལྷན་ཚོགས་ཀྱི་ཚོགས་གཙོ་ (President of J&K High Court bar association) མཆོག ཇ་མུ་ཀ་ཤི་མིར་ཁུལ་གྱི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ར་ཝིན་དྷར་ རཡེ་ན་ (Ravinder Raina, President of BJP state J&K) མཆོག་དང་ཚོགས་གཞོན་སྐུ་ཞབས་ཨ་སིམ་ བྷེ་ (Asim bai, Vice president of BJP state J&K) མཆོག ཇ་མུ་ཀ་ཤི་མིར་ཚོང་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨ་རུན་ གྷུབ་ཏ (Mr Arun Gupta, President of Chamber of commerce J&K) མཆོག་དང་། ཚོགས་གཞོན་སྐུ་ཞབས་ཨ་ནིལ་ ཀུ་མར་ (Mr Anil Kumar, Senior vice president) མཆོག སྤྱི་ཁྱབ་དྲུང་ཆེ་མ་ནེ་ཤི་ གྷུབ་ཏ་ (Mr Manesh Gupta General Secretary) མཆོག བྷི་ཇེ་པི་སྲིད་དོན་ཚོགས་པའི་དྲུང་ཆེ་ཨ་ཤོག་ ཀོལ་ (Shri. Ashok Koul, BJP General Secretary) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་ཡོང་ཐབས་སྐོར་སོགས་ཞུས་གནང་བ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་ཡིག་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་བཅས་སོ་སོར་ཕུལ་གནང་ཡོད་པ་བཅས།