བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

 

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོགསྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོགཕྱི་ལོ་  ༢༠༡༢ ཟླ་ ༡༠ ཚེས་ ༣ ནས་ཚེས་ ༢༠ བར་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་རེད།    དེ་ཡང་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕྱི་ཟླ་ ༡༠ ཚེས་ ༣ ཉིན་རྡ་ས་ནས་ཕེབས་ཐོན་གྱིས་ལྡི་ལི་གནམ་ཐང་བརྒྱུད་ཨ་རིར་འབྱོར་རྗེས་ཕྱི་ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ནོ་ཝལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ Egypt ནས་ཡིན་པ་ Dr.Mohamed ElBaradei མཆོག་དང། Iran ནས་ཡིན་པ་སྐུ་ཞབས་ Shirin Ebadi མཆོག་རྣམ་གཉིས། དེ་བཞིན་སྙན་གྲགས་ཅན་གྱི་མི་སྣའི་བགྲོ་གླེང་སྐབས་སུ་བཅར་ཏེ་མི་སྣ་མང་པོ་མཇལ་འཕྲད་གནང་བ་དང།   Ithaca རུ་རྣམ་རྒྱལ་གྲྭ་ཚང་གི་ཆོས་ཚོགས་ནས་མགྲོན་འབོད་ལྟར་ཆོས་ཚོགས་ཀྱི་རྒྱུན་ལས་རྣམ་པའི་ལྷན་ས་གནས་ཀྱི་གནས་སྟངས་སྐོར་ལ་གོ་བསྡུར་གནང་རྗེས་རྣམ་རྒྱལ་གྲྭ་ཚང་གི་དུས་འཁོར་ཆོས་གླིང་གསར་བཞེངས་གནང་བཞིན་པར་གཟིགས་སྐོར་གནང་། ཕྱི་ཚེས་ ༡༢ ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ (Radio Free Asia)གི་འགན་འཛིན་རྣམ་པ་དང་མཇལ་འཕྲད་ཞུས་རྗེས་སྐར་མ་ ༢༠ རིང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་གྱི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་ལ། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ལྕམ་སྐུ་ Libby Iiu མཆོག་དང་ལྷན་རླུང་འཕྲིན་ཁང་གི་ལས་རིམ་དང་འབྲེལ་བའི་ཐོག་ལ་གོ་བསྡུར་གནང་ཡོད་པ་མ་ཟད། ཨ་རི་རླུང་འཕྲིན་ཁང་ (VOA) གི་ཀུན་གླེང་ལས་རིམ་ནང་མཉམ་ཞུགས་ཀྱང་གནང་ཡོད། གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་དང་ལྷན་དུ་བཞུགས་མོལ་ཚོགས་འདུ་དང། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Mario Otero མཆོག་གི་དམིགས་བསལ་ལས་རོགས་སྐུ་ཞབས་ Douglas Grob ལྷན་དུ་བོད་ནང་གི་ཛ་དྲག་གནས་སྟངས་དང། ཚོགས་ཆེན་ཐོག་ཐག་གཅོད་དང་རྒྱབ་གཉེར་སྙན་ཐོ་དང་འབྲེལ་བའི་གནད་དོན་རྣམས་ཞིབ་འགྲེལ་ཞུས། ནེའུ་ཡོག་དང་ནིའུ་ཇར་སི་ནང་ཁུལ་ལོ་འཁོར་གཅིག་གི་དུས་སྟོན་རྒྱས་པ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ནིའུ་ཡོག་དང་ནིའུ་ཇར་སིར་བོད་རིགས་སྤྱི་མཐུན་ཚོགས་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་གོ་སྒྲིག་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་རྟགས་མ་འབུལ་བཞེས་མཛད་ནས་ལོ་ལྔ་འཁོར་བའི་དུས་དྲན་ཐོག་སྐུ་མགྲོན་གཙོ་བོར་ཕེབས་ཏེ་མི་གྲངས་ ༦༠༠ ཙམ་ལ་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་མ་ཟད། ཝ་ཤིང་ཊོན་དང་ Connecticut གཉིས་སོ་སོར་བོད་མི་གྲངས་ ༡༥༠ ཙམ་ལ་གསུང་བཤད་དང་དྲི་བ་ཞུས་ཁག་ལ་ལན་འདེབས་གནང་བ་སོགས་མཛད་དོན་ཁག་ལེགས་གྲུབ་ཀྱིས་ཕྱི་ཚེས་ ༢༠ ཉིན་རྡ་སར་ཕྱིར་ཕེབས་གནང་ཡོད་པ་རེད།།

བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།