བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་། ཕྱི་སྲིད་ལྷན་ཁང་གི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ཚན་པའི་འགན་འཛིན་གཞོན་པ། རྒྱལ་ས་པ་རག་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་བཅས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་མཱར་ཀེ་ཊ་པེ་ཀ་རོ་ཝ་མཆོག

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༦ ཉིན་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་སྣེ་ཁྲིད་གནང་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཆུང་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་མཱར་ཀེ་ཊ་པེ་ཀ་རོ་ཝ་  (Marketa Adamova, the Speaker of the Chamber of Deputies, Czech Republic) མཆོག་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་ལྷན་ཁང་གི་ཨེ་ཤི་ཡ་དང་། ཞི་བདེ་རྒྱ་མཚོ་ཁུལ་གྱི་ཚན་པའི་འགན་འཛིན་གཞོན་པ་སྐུ་ཞབས་པེཊི་རིག་རུམ་ལར་ (Patrick Rumlar, Deputy Director of Asia and Pacific Department, Ministry of Foreign Affairs of the Czech Republic) མཆོག

ཅེག་སྤྱི་འཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་སྐུ་ཞབས་ཛ་ཌི་ནེ་ ཧི་རིབ་མཆོག

ཅེག་སྤྱི་འཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་སྐུ་ཞབས་ཛ་ཌི་ནེ་ ཧི་རིབ་ (Mr. Zdeněk Hřib, the Mayor of the City of Prague)  མཆོག་བཅས་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞིབ་ཕྲ་སྙན་སེང་ཞུས་ཏེ། བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་གནང་འདུག་པ་བཅས། །