བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་སྐབས་ ༡༦ པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སོགས་ལ་འཚམས་འདྲིའི་མཇལ་འཕྲད་རེ་ཞིག་མཇུག་སྒྲིལ་ཟིན་པ།

༄༅། ། ཟླ་འདིའི་ཚེས་ ༡༤ ནས་བཟུང་རྒྱ་གར་རྒྱལ་ས་ལྡི་ལིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་སྐབས་ ༡༦ པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་ལ་འཚམས་འདྲི་དང་། མཇལ་འཕྲད་མུ་མཐུད་ཞུ་བཞིན་ཡོད་པ་ལྟར།

ཕྱི་ཚེས་ ༡༨ ཉིན་ ༡༽ རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་། Rashtriya Janata Dal (RJD) ཚོགས་པའི་ཚོགས་མི། ཇ་ཡ་པར་ཀ་ཤ་ ན་རཡན་ཡ་དྷེབ་ (Jayaprakash Narayan Yadav) མཆོག་དང་། ༢༽ གྲོས་ཚོགས་འོག་མའི་འཐུས་མི་དང་། Indian National Congress (INC) ཚོགས་པའི་ཚོགས་མི། ཌོག་ཌར་ཐོག་ཆོམ་མེ་ནི་ཡ་ (Dr. Thokchom Meinya) མཆོག ༣༽ གྲོས་ཚོགས་གོང་མའི་འཐུས་མི་དང་། drdrdrdrdrdrdrdrIndian National Congress (INC) ཚོགས་མི། མ་ནི་ཤང་ཀར་ཨར་ཡར་ (Mani Shankar Aiyar) མཆོག ༤༽ གྲོས་ཚོགས་འོག་མའི་འཐུས་མི་དང་། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ། Bharatiya Janata Party (BJP) ཚོགས་པའི་ཚོགས་མི། ཤན་ཏ་ཀུ་མར་ (Shanta Kumar) མཆོག ༥༽ གྲོས་ཚོགས་འོག་མའི་འཐུས་མི་དང་། Indian National Congress (INC) ཚོགས་པའི་ཚོགས་མི། ནི་ནོང་ཨེ་རིང་ (Ninong Ering) མཆོག ༦༽ གྲོས་ཚོགས་འོག་མའི་འཐུས་མི་དང་། Bharatiya Janata Party (BJP) ཚོགས་པའི་ཚོགས་མི། ཤ་ཏུར་གྷང་སིངྷ་ (Shatrughan Sinha) མཆོག ༧༽ གྲོས་ཚོགས་གོང་མའི་འཐུས་མི་དང་། Communist Party of India (CPI) ཚོགས་པའི་ཚོགས་མི། ཌི་ ར་ཇཱ་ (D. Raja) མཆོག ༨༽ གྲོས་ཚོགས་གོང་མའི་འཐུས་མི་དང་། Samajwati Party (SP) ཚོགས་པའི་ཚོགས་མི། བོད་དོན་རྒྱབ་སྐྱོར་བ་གྲགས་ཅན་འདས་པོ་མོ་ཧན་སིངྒ་མཆོག་གི་བུ་མོ། (D/O Prominent Tibet supporter late- Mohan Singh) ལྕམ་ཀ་ནཀ་ལ་ཏ་སིངྒ་ (Kanak Lata Singh) མཆོག ༩༽ གྲོས་ཚོགས་གོང་མའི་འཐུས་མི་དང་། Bharatiya Janata Party (BJP) ཚོགས་པའི་ཚོགས་མི། ལྕམ་ཝི་མལ་ཀ་ཤབ་ (Vimla Kashyap) མཆོག ༡༠༽ གྲོས་ཚོགས་གོང་མའི་འཐུས་མི་དང་། Samajwati Party (SP) ཚོགས་པའི་ཚོགས་མི། བོད་དོན་རྒྱབ་སྐྱོར་བ་གྲགས་ཅན་འདས་པོ་བྷིར་ཇུ་བྷུ་ཤན་ཏི་ཝ་རི་མཆོག་གི་བུ། (S/O Prominent Tibet supporter late-Brij Bhushan Tiwari) ཨ་ལོཀ་ཏི་ཝ་རི་ (Alok Tiwari) མཆོག་བཅས་དང་རིམ་བཞིན་མཇལ་འཕྲད་ཞུས།

ཕྱི་ཚེས་ ༡༩ ཉིན་ ༡༽ རྒྱལ་ས་ལྡི་ལི་མངའ་སྡེའི་སྤྱི་ཁྱབ་ཆེན་ཟུར་པ་དང་། Aam Aadmi Party (AAP) ཚོགས་པའི་དབུ་ཁྲིད། ཨ་ཝིནཌ་ཀེཇ་རི་ཝལ་ (Arvind Kejriwal) མཆོག་དང་། ༢༽ གྲོས་ཚོགས་གོང་མའི་འཐུས་མི་དང་། Janata Dal United (JD-U) ཚོགས་པའི་ཚོགས་མི། བྷ་ཤི་ཤཏ་ན་ར་ཡན་ (Bashist Narayan) མཆོག ༣༽ གྲོས་ཚོགས་གོང་མའི་འཐུས་མི་དང་། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ། Indian National Congress (INC) ཚོགས་པའི་ཚོགས་མི། མུ་ཀུཊ་མི་ཋི་ (Mukut Mithi) མཆོག་བཅས་དང་རིམ་བཞིན་མཇལ་འཕྲད་ཞུས།

ཕྱི་དྲོ་རྒྱལ་ས་ལྡི་ལིའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་འདུར་སྤྱི་འཐུས་སྒྲོལ་མ་ཚེ་རིང་དང་། ཨཱཅརྱ་ཡེ་ཤེས་ཕུན་ཚོགས་གཉིས་ཆེད་བཅར་གྱིས་གཏམ་བཤད་ཞུས།

ཕྱི་ཚེས་ ༢༠ ནས་བཟུང་ཉིན་རེ་བཞིན་ཆེད་བཅར་ཞུ་བའི་ལས་དོན་དེ་རེ་ཞིག་མཚམས་འཇོག་ཞུས་ཡོད་ཀྱང་། ཁ་སྔོན་སྙན་ཞུ་ཕུལ་ཏེ་དུས་ཚོད་གནང་མ་ཐུབ་པའམ། སྲིད་དོན་ཚོགས་པ་ཆེ་ཁག་གི་དབུ་ཁྲིད་བཅས་ནས་ཉིན་ཤས་རྗེས་གོ་སྐབས་གནང་བ་ཡིན་ཚེ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་དང་། ལས་འཆར་འགན་འཛིན་རྣམ་པ་གཉིས་ནས་འཚམས་འདྲི་དང་། མཇལ་འཕྲད་ཞུ་ཐུབ་པ་བྱ་འཆར་ཡིན།

ད་སྐབས་མཇལ་འཕྲད་ཞུས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་དང་། སྲིད་དོན་ཚོགས་པ་ཁག་གི་དབུ་ཁྲིད་བཅས་སུ་འཚམས་འདྲི་དང། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་ཐུགས་འགན་བཞེས་ཕྱོགས་དང་འབྲེལ་བའི་སྙན་ཞུ་དོན་ཚན་ལྔ་ཅན། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ཆབ་སྲིད་ཚོགས་པ་སོ་སོ་ནས་འཐུས་མི་གང་མང་ཞུགས་ཐབས་གནང་རྒྱུའི་སྐོར་སོགས་ཞུས་པར་བོད་རྒྱའི་དཀའ་རྙོག་སྐོར་ལ་རྒྱུས་མངའ་ཞིབ་ཕྲ་ཡོད་མེད་ཙམ་ལས་རྩ་བ་ནས་ཤེས་རྟོགས་མེད་མཁན་མི་འདུག་པ་དང་། ཀུན་གྱིས་གདུང་སེམས་མཉམ་བསྐྱེད་དང་ཐུགས་འཚབ་ཅི་ཆེའི་ཐོག་རང་རང་སོ་སོའི་གནས་སྟངས་ལ་བསྟུན་པའི་རྒྱབ་སྐྱོར་གང་ལེགས་གནང་རྒྱུ་ཡིན་པའི་ཞལ་བཞེས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཁག་ལ་ཆེ་མཐོང་དང་བསྔགས་བརྗོད་ཚད་མེད་ཞུ་བཞིན་འདུག་པ་མ་ཟད། མ་འོངས་པར་རང་གཞན་གཉིས་ཀའི་ངོས་ནས་ལག་བསྟར་ཐུབ་པའི་ལས་དོན་ཇི་ལྟར་གནང་དགོས་མིན་སྐོར་སོགས་ལ་ལམ་སྟོན་དང་དགོངས་འཆར་གང་ལེགས་གནང་སོང་བ་བཅས། གོང་གསལ་ཚོགས་ཆུང་ནས་ ༢༠༡༤།༧།༢༠ ལ།།

 

 

Menu