བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་སྐབས་ ༡༦ པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སོགས་ལ་འཚམས་འདྲིའི་མཇལ་འཕྲད་ཞུས་པ།

༄༅། །བོད་མི་མང་སྤྱི་འཐུས་བཞུགས་མོལ་ཚོགས་འདུའི་ནང་གོ་བསྡུར་དང་། སྤྱི་འཐུས་རྒྱུན་ལས་ཀྱི་ཐག་གཅོད། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་འཆར་བཅས་ཀྱི་འོག ད་སྐབས་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་ཚོགས་བཞིན་པའི་སྐབས་དང་བསྟུན་བཞུགས་སྒར་རྡ་རམ་ས་ལ་ནས་བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན།delh སྤྱི་འཐུས་བློ་བཟང་ཡེ་ཤེས་བཅས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆེད་བཅར་གྱིས་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་དང་། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་འཆར་འགན་འཛིན་སྤྱི་འཐུས་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་བཅས་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ངོས་ནས་སྐབས་ ༡༦ པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་རྣམས་ལ་འཚམས་འདྲི་དང་འབྲེལ་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཡོང་ཐབས་བྱེད་བཞིན་ཡོད་པ་རེད།

 

ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༤ ཉིན་གོང་གསལ་ཚོགས་ཆུང་གིས་ཐོག་མར་སྐབས་ ༡༦ པའི་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་སྲིད་དོན་ཚོགས་པ་ཁག་མ་འདྲ་བ་ ༣༦ ནས་གྲོས་ཚོགས་འཐུས་མི་ ༥༤༣ འོས་འདེམས་བྱུང་བའི་ཁོངས་ནས་གཙོ་བོ་སྲིད་དོན་ཚོགས་པ་ཆེ་ཁག་དང་། རྒྱུན་ལྡན་བོད་དོན་ལ་རྒྱབ་སྐྱོར་དང་ཐུགས་འཁུར་གནང་མཁན་སྲིད་དོན་ཚོགས་པ་ཁག་སོགས་སྲིད་དོན་ཚོགས་པ་མ་འདྲ་བའི་ཚོགས་གཙོའམ་ཚོགས་གཞོན་སོགས་འགན་ཁུར་མི་སྣ་ཁག་ལ་མཇལ་འཕྲད་ཡོང་ཐབས་བྱ་རྒྱུ་དང་འབྲེལ། delh1ད་ལན་གྲོས་ཚོགས་འཐུས་མི་ ༣༠༠ ལྷག་གསར་དུ་ཕེབས་ཡོད་པས་གྲོས་ཚོགས་འཐུས་མི་གང་མང་དང་མཇལ་འཕྲད་གྲུབ་ཟིན་མཚམས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་དང་འབྲེལ་དབུ་ཁྲིད་སུ་ལ་རེ་སྐུལ་ཞུ་དགོས་མིན་སོགས་ཀྱི་ལས་འཆར་བསྒྲིགས་ཟིན་རྗེས། དགོང་མོ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་། Biju Janata Dal(BJD) ཚོགས་པའི་ཚོགས་མི་པར་སན་ནཱ་ཀུ་མར་པ་ཊ་ས་ནི་ (Prof Dr. Prasanna Kumar Patasani) མཆོག་དང་མཇལ་འཕྲད་ཞུས་སྐབས་ཁོང་དེ་སྔོན་བོད་དོན་དང་འབྲེལ་བའི་ཚོགས་འདུ་ཁག་འགའི་ནང་མཉམ་ཞུགས་གནང་མྱོང་བ་དང་། delh2ད་དུང་ཡང་ཁོང་དང་ཁོང་གི་ཚོགས་པས་བོད་དོན་ལ་རྒྱབ་སྐྱོར་གནང་ཐུབ་པ་བྱ་རྒྱུ་ཡིན་སྐོར། རྒྱ་ནག་གིས་གདུག་རྩུབ་ཆེན་པོས་བོད་པར་དཀའ་ངལ་མང་པོ་སྤྲོད་བཞིན་ཡོད་པ་རྣམས་ཁོང་ནས་ཤེས་རྟོགས་ཡོད་པ་མ་ཟད། འཛམ་བུ་གླིང་གི་མི་ཚང་མས་ཤེས་ཀྱི་ཡོད་རེད་ལ། ནམ་རྒྱུན་ཁོང་ནས་བྱམས་བརྩེ་དང་ཞི་བདེའི་སྐོར་ལ་གཏམ་བཤད་སོགས་གནང་བཞིན་ཡོད་པས་སྐབས་དེར་བོད་དོན་སྐོར་བཤད་གང་ཐུབ་གནང་རྒྱུ་ཡིན་སྐོར། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ཁོང་གི་ཚོགས་པ་ནས་འཐུས་མི་མཉམ་ཞུགས་ཐུབ་པ་གནང་རྒྱུ་དང་། རྒྱ་གར་གྲོས་ཚོགས་འཐུས་མི་ ༡༠༠ ཙམ་ནས་བོད་དོན་རྒྱབ་སྐྱོར་དང་འབྲེལ་ཕྱི་སྲིད་ལས་དོན་ཚོགས་ཆུང་བརྒྱུད་གོང་རིམ་སྲིད་བློན་སོགས་ལ་སྙན་ཞུ་འབུལ་ཐུབ་པ་བྱུང་ན་དགེ་མཚན་ཆེན་པོ་ཡོང་རྒྱུ་ཡིན་པ་ལྟར། ཁོང་གིས་དངོས་ཤུགས་བརྒྱུད་གསུམ་ཐོག་ནུས་པ་གང་ཐུབ་འདོན་གནང་རྒྱུ་ཡིན་སྐོར། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་མཉམ་ཞུགས་གནང་ཐབས་ཀྱི་འབད་བརྩོན་གནང་རྒྱུ་ཡིན་སྐོར་སོགས་ཐུགས་མཉེས་ཚོར་ཆེན་པོའི་ཐོག་གསུང་གནང་མཛད།

 

ཕྱི་ཚེས་ ༡༥ ཉིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་མཁན་གྲས་དང་། བློན་ཆེན་ཟུར་པ། Rashtriya Lok Dal (RLD) ཚོགས་པའི་དབུ་ཁྲིད་ཨ་ཇེཏ་སིངྷ་ (Ajit Singh) མཆོག་དང་། delh3ཁོང་གི་སྲས་པོ་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་ཇ་ཡནཏ་ཅོ་དྷ་རི་ (Jayant Chaudhary) མཆོག་རྣམ་གཉིས་དང་། གྲོས་ཚོགས་འོག་མིའི་འཐུས་མི་དང་། Sikkim Democratic Front (SDF) ཚོགས་པའི་ཚོགས་མི་པི་ཌི་རའི་ (P. D. Rai) མཆོག གྲོས་ཚོགས་འོག་མའི་འཐུས་མི་དང་།delh4 Indian National Congress (INC) ཚོགས་པའི་ཚོགས་མི་མཁས་དབང་ཤ་ཤི་ཋར་རོར་ (Dr. Shashi Tharoor) མཆོག གྲོས་ཚོགས་གོང་མའི་འཐུས་མི་དང་། Janata Dal-United (JD-U) ཚོགས་པའི་དབུ་ཁྲིད་ཤ་རཌ་ཡ་དྷབ་ (Sharad Yadav) མཆོག་བཅས་དང་རིམ་བཞིན་མཇལ་འཕྲད་ཞུས་སྐབས་ཚང་མས་བོད་དོན་སྐོར་ལ་དེ་སྔོན་རྒྱབ་སྐྱོར་གནང་བ་ཡིན་ལ་ད་དུང་ཡང་མུ་མཐུད་གནང་རྒྱུ་ཡིན་སྐོར་དང་། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་རང་ཉིད་མཉམ་ཞུགས་སམ། རང་ཉིད་ཀྱི་ཚོགས་པའི་འཐུས་མི་མཉམ་ཞུགས་གནང་ཐུབ་པ་བྱ་རྒྱུ་ཡིན་སྐོར་སོགས་དང་འབྲེལ་སྐབས་བསྟུན་གྱི་ཞལ་བཞེས་གནང་སོང་བ་བཅས་དང་། ད་དུང་ཡང་བདུན་ཕྲག་འདིའི་རིང་སྲིད་དོན་ཚོགས་པ་ཁག་གི་དབུ་ཁྲིད་དང་གྲོས་ཚོགས་འཐུས་མི་གང་མང་མཇལ་འཕྲད་ཐུབ་པ་བྱ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ་གོང་གསལ་ཚོགས་ཆུང་ནས་ ༢༠༡༤།༧།༡༥ ལ།།

Menu