བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྒྱུན་ལས་སུ་ཕེབས་པ།

༄༅། ། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་ལོ་དུས་གཉིས་པའི་བོད་མི་མང་མདོ་སྟོད་སྤྱི་འཐུས་རྒྱུན་ལས་གསེར་རྟ་ཚུལ་ཁྲིམས་མཆོག་སྒེར་གྱི་ལས་དོན་རྐྱེན་པས་ཕྱི་ཟླ་ ༤ ཚེས་ ༡ ཉིན་འཕོ་ལེན་གྱིས་བོད་མི་མང་མདོ་སྟོད་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་སྤྱི་འཐུས་རྒྱུན་ལས་སུ་ཕེབས་གནང་ཡོད།

དེ་ཡང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་སྤྱི་འཐུས་རྒྱུན་ལས་ཀྱི་རྒྱུན་འབྲེལ་སྡེ་ཚན་ནང་ལས་ཁུར་ཆ་བགོས་ཞུས་ཡོད་པ་བཅས། །