༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༥ ཉིན་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་རྣམ་གཉིས་བལ་ཡུལ་སྐུ་ཚབ་དོན་གཅོད་དང་། མཆོད་འཇོར་ས་གནས་འགོ་འཛིན་ལྷན་དུ། སྲོང་བཙན་བལ་བཟའ་སློབ་གྲྭ་དང་། ཚེ་རིང་རྒས་གསོ་ཁང་། རྣམ་རྒྱལ་མཐོ་སློབ་བཅས་སུ་ཆེད་བཅར་གྱིས་སློབ་གྲྭའི་དབུ་འཛིན་དང་། དགེ་ལས་གནད་ཡོད་མི་སྣ་རྣམས་དང་ལྷན་སློབ་གྲྭའི་གནས་སྟངས་ཐོག་རྒྱུས་ལོན་གནང་བ་དང་། དེ་བཞིན་དགེ་སློབ་ལས་བྱེད་ཚང་འཛོམས་ཀྱིས་ཚོགས་འདུ་ཚོགས་རྗེས། གཟིགས་སྐོར་ལེགས་གྲུབ་བྱུང་ཡོད་པ་བཅས། །