༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༤ ཕྱི་ཚེས་ ༢༤ ཉིན་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་རྣམ་གཉིས་ནས་བལ་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་དང་། རྒྱལ་འཕགས་ས་གནས་འགོ་འཛིན། བལ་ཡུལ་སྣེ་ལེན་ཁང་གི་འགན་འཛིན་བཅས་ཀྱི་ལྷན་བལ་ཡུལ་སྣེ་ལེན་ཁང་དང་། རྣམ་རྒྱལ་འབྲིང་རིམ་སློབ་གྲྭ། ཁྲི་བརྟན་ནོར་བུ་རྩེ། རྒྱལ་འཕགས་བུད་མེད་ཚོགས་པའི་རྒས་གསོ་ཁང་། ཁང་པ་དམར་པོ། བལ་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས། ཤ་ཝ་ར་གསུམ་ས་གནས་འགོ་འཛིན་ལས་ཁུངས། རྒྱལ་འཕགས་ས་གནས་འགོ་འཛིན་ལས་ཁུངས་བཅས་སུ་གཟིགས་སྐོར་ཕེབས་གནང་ཡོད་པ་བཅས། །