བོད་མི་མང་སྤྱི་འཐུས་ཚོགས་གཙོའི་ངལ་སེལ་ཐེབས་རྩ་ནས་ཨམ་བྷ་ལ་སྲི་ཊྲི་པོ་ཏ་ལ་བོད་མིའི་སུད་ཚོང་ཁྲོམ་སར་མེ་སྐྱོན་བྱུང་བར་ཞལ་འདེབས་གནང་བ།

 

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢༡ ཉིན་ཐོ་རངས་ཆུ་ཚོད་ ༣།༣༠ ཙམ་ལ་རྒྱ་གར་བྱང་ཕྱོགས་ཧར་ཡ་ན་མངའ་སྡེའི་ཨམ་བྷ་ལ་སྲི་ཊྲི་པོ་ཏ་ལ་བོད་མིའི་སུད་ཚོང་ཁྲོམ་རར་མེ་སྐྱོན་བྱུང་སྟེ། ཚོང་གཉེར་བ་དུད་ཚང་བརྒྱད་ཀྱི་ཁྲོམ་ས་དང་ཚོང་ཟོག་ཡོངས་རྫོགས་མེས་འཚིགས་ནས་གྱོང་གུན་ཆེན་པོ་ཕོག་ཡོད་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཐུགས་གསོ་དང་འབྲེལ། གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཚོགས་གཙོའི་ངལ་སེལ་ཐེབས་རྩ་ནས་ཞལ་འདེབས་ཧིན་སྒོར་ལྔ་ཁྲི་ (༥༠།༠༠༠) ཐམ་པ་བསྩལ་གནང་ཡོད་པ་བཅས། །