བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་ཨ་རིའི་གྲོང་ཁྱེར་ཝ་ཤིན་ཀྲོན་ ཌི་སི་ (Washington DC) ནང་གཞུང་འབྲེལ་ཕྱོགས་བསྐྱོད་ཉིན་གཉིས་པའི་མཛད་འཆར།

ཨེ་ཤེ་ཡ་དང་པེ་སི་ཕིག་མངའ་ཁུལ་ཕྱི་དྲིལ་ལས་དོན་ཚན་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊེད་ ཡོ་ཧོ་ (Congressman Ted Yoho, Chairman of House Foreign Affairs Sub-Committee on Asia and Pacific)་མཆོག

༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ ཌི་སི་ (Washington DC) ནང་གཞུང་འབྲེལ་གཟིགས་སྐོར་ལ་ཕེབས་པའི་གོ་སྐབས་དང་བསྟུན་ནས་ཉིན་གཉིས་པའི་ཞོགས་པར་ཆུ་ཚོད་གཅིག་ཙམ་གྱི་རིང་ཨ་རིའི་རླུང་འཕྲིན་ཁང་དུ་གདན་འདྲེན་ཞུས་ཏེ་ཀུན་གླེང་ལས་རིམ་ནང་བཅར་འདྲི་གླེང་མོལ་གནང་ཡོད།

དེ་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༣ ཉིན་རྒྱབ་དཔལ་ལྡན་ཚོགས་གཙོ་མཆོག་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་ཚེ་རིང་དང་ལྷན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཕྱི་དྲིལ་ལས་དོན་ཚན་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊེད་ ཡོ་ཧོ་ (Congressman Ted Yoho, Chairman of House Foreign Affairs Sub-Committee on Asia and Pacific) མཆོག་དང་ཊོམ་ལེན་ཌྶོ་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མྑེག་གྷོ་ཝན་ (Congressman Jim McGovern, Co-Chairs of Tom Lantos Human Rights Commission) བཅས་ཀྱི་ལས་ཁུངས་སུ་བཅར་ཏེ། ཁོང་རྣམ་པར་མཇལ་འཕྲད་དང་སྦྲགས་བོད་དོན་ཐོག་རྒྱུན་བསྲིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་མཉམ་སྔར་ལྷག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་རེ་འདུན་ཤུགས་ཆེ་ཞུས་ཡོད་འདུག

གཞུང་འབྲེལ་ལས་ཡུན་ཉིན་གཉིས་རིང་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་དང་མཇལ་འཕྲད་ཞུས་སྐབས། བོད་མི་དང་བོད་དོན་ཐོག་སེམས་ཁུར་ཆེན་པོ་གནང་བ་མ་ཟད་རྒྱ་གཞུང་གི་བོད་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པར་དོ་ཁུར་ཆེན་པོས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བཏོན་གནང་མཛད་ཡོད་ལ། འབྱུང་འགྱུར་ཡང་བོད་དོན་ཐོག་རྒྱབ་སྐྱོར་དང་ཁྱབ་སྤེལ་བརྒྱུད་བསྒྲགས་རིགས་ཤུགས་ཆེ་གནང་རྒྱུའི་འདུན་པ་དང་ཞལ་བཞེས་བཟང་པོ་གནང་ཡོད།

ཊོམ་ལེན་ཌྶོ་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མྑེག་གྷོ་ཝན་ (Congressman Jim McGovern, Co-Chairs of Tom Lantos Human Rights Commission) མཆོག

 

དེ་མིན་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མྑེག་གྷོ་ཝན་མཆོག་ (Congressman Jim McGovern) ནས་གསུང་དོན་ “རྒྱུན་གཏན་ཝ་ཤིན་ཀྲོན་ ཌི་སི་ཞེས་པ་འདི་ཆབ་སྲིད་ཀྱི་ལངས་ཕྱོགས་ཐ་དད་ཀྱི་ཕྱོགས་སུ་ཡིན་པ་དང། འོན་ཀྱང་ཐེངས་དེར་བོད་དོན་གླེང་མོལ་དང་འབྲེལ་བའི་གནད་དོན་ཐོག་ཨ་རི་མང་གཙོ་ཚོགས་པ་ (Democrats) དང་ཨ་རི་སྤྱི་མཐུན་ཚོགས་པ་ (Republic) གཉིས་ནུས་པ་མཉམ་སྤུངས་ཀྱི་ཐུན་མོང་གཞི་རྟེན་འཚོལ་རྒྱུར་འབད་བརྩོན་དང་རྒྱབ་སྐྱོར་གནང་མུས་ཡིན།” ཞེས་པ་དང་། གཏམ་བཟང་བ་ཞིག་ལ་ད་རེས་ཀྱི་ཉིན་མོ་ནི་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མྑེག་གྷོ་ཝན་ (Congressman Jim McGovern) མཆོག་གི་ཨ་རི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་བོད་དོན་ཐོག་གཏམ་བཤད་གནང་རྒྱུའི་དུས་གཏན་བཟང་པོ་ཞིག་ཀྱང་ཁེལ་ཡོད།

དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་ཨ་རི་རྒྱལ་ས་ཝ་ཤིན་ཀྲོན་ ཌི་སི་ (Washington DC) གཞུང་འབྲེལ་གཟིགས་སྐོར་གྲུབ་མཚམས། སེན་ཕེརེནྶ་སི་ཁོ་ (San Francisco) དང་སོལྜ་ལེཁ་གྲོང་ཁྱེར་ (Salt Lake City) དུ་ཆིབས་བསྒྱུར་བསྐྱངས་རྒྱུའི་གནས་ཚུལ་སྙིང་བསྡུས་སོ།

Menu