བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དཔོན་ཟུར་དར་རྒྱས་ལགས་ཀྱི་དཔེ་དེབ་དབུ་འབྱེད་གནང་བ།

bookrealese2ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ པའི་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དཔལ་ལྡན་བོད་མི་མང་གི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་མགོ་ལོག་ནས་ཡིན་པའི་ཁུལ་དཔོན་ཟུར་པ་སྐུ་གཤེགས་དར་རྒྱས་ལགས་ཀྱིས་རྩོམ་སྒྲིག་གནང་བའི་ ༼བོད་ཁུལ་བརྟན་ལྷིང་མེད་པའི་འབྱུང་རྩ་༽ ཞེས་པའི་དཔེ་དེབ་དེ་དང་། ༼རྩོམ་པ་པོའི་མཐུན་ཚོགས་ཀྱི་རྩོམ་རིག་གི་ལོ་དེབ་འདོན་ཐེངས་གསུམ་པ་༽ཞེས་པ་དེ་གཉིས་སྤྱི་འཐུས་རྒྱུན་ལས་ཁག་གཅིག་དང་རྩོམ་པ་པོ་དང་གསར་འགོད་པ་བཅས་མི་གྲངས་ ༥༠ བརྒལ་བ་བཅར་བའི་དབུས་སུ་དཔེ་དེབ་དབུ་འབྱེད་གནང་ཡོད་པ་རེད།

དེ་ཡང་དར་རྒྱས་ལགས་ཀྱིས་རྒྱ་ཡིག་ཐོག་བརྩམས་པ་དང་འདི་ཕྱོགས་ནས་བོད་ཡིག་ཐོག་བསྒྱུར་བའི་bookrelease1དཔེ་དེབ་དེའི་ནང་དོན་གཙོ་བོ་ནི། བོད་ཁུལ་བརྟན་ལྷིང་མེད་པའི་འབྱུང་རྩའི་ཐོག་ང་རང་གི་ངོས་འཛིན་རགས་ཙམ་ཞེས་པ་དང་། བསམ་འཆར་འགའ་སོགས་རྩོམ་ཡིག་ཁག་གསུམ་ལས་གྲུབ་ཡོད་འདུག དེ་ཡང་ཐོག་མར་ལོ་རྒྱུས་ཉམས་ཞིབ་པ་མགོ་ལོག་དམ་ཆོས་དཔལ་བཟང་ལགས་ཀྱིས་རྩོམ་པ་པོ་དར་རྒྱས་ལགས་ཀྱི་མི་ཚེའི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་བ་དང་དེ་རྗེས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས་དེབ་འདིའི་རྩོམ་སྒྲིག་བྱས་པའི་བརྒྱུད་རིམ་དང་དེབ་འདིའི་ནང་དོན་ཁག་གསུམ་དུ་འབྱེད་ཡོད་སྐོར་སོགས་ངོ་སྤྲོད་གནང་།

དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དཔེ་དེབ་སྒོ་འབྱེད་དང་སྦྲགས་གསུངས་དོན། ཐོག་མར་དེབ་དེ་འདྲ་ཞིག་འདོན་སྤེལ་ཐུབ་པར་འཚམས་འདྲི་ཡོད་པ་དང་། དར་རྒྱས་ལགས་ཀྱི་མི་ཚེའི་bookrelease3ནང་མཐོང་ཐོས་སོགས་ཀྱི་ཉམས་མྱོང་མང་པོ་བསགས་འདུག་ལ། དེ་བཞིན་ཁོང་གིས་ས་གནས་དང་དབུས་བཅས་ཀྱི་ནང་ཕྱག་ལས་གནང་སྟེ་ཆབ་སྲིད་གནས་སྟངས་ཡག་པོ་ཤེས་ཀྱི་ཡོད་སྟབས་ཁོང་རང་གི་ལྟ་ཚུལ་དང་བསམ་འཆར། ལོ་རྒྱུས་སོགས་བྲིས་ཡོད་པར་དོ་སྣང་བྱ་རྒྱུ་གལ་ཆེན་པོ་ཡིན་སོགས་གསུངས་གནང་ཡོད་པ་བཅས།།

Menu