བོད་མི་མང་སྤྱི་འཐུས་མཁན་པོ་ཆོས་གྲགས་རྒྱ་མཚོ་མཆོག་སྤྱི་འཐུས་ནས་རྩ་དགོངས་ཞུས།

སྤྱི་འཐུས་མཁན་པོ་ཆོས་གྲགས་རྒྱ་མཚོ་མཆོགསྤྱི་འཐུས་མཁན་པོ་ཆོས་གྲགས་རྒྱ་མཚོ་མཆོག

 

སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་མཁན་པོ་ཆོས་གྲགས་རྒྱ་མཚོ་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༤ འཁོད་སྤྱི་ལྷན་ཚོགས་གཙོ་མཆོག་གི་མཚན་ཐོག་ཕུལ་སྙན་ནང། ཁོང་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ས་སྐྱའི་སྤྱི་འཐུས་སུ་བདམས་ཐོན་བྱུང་སྟེ། འདས་པའི་ལོ་གཅིག་ཙམ་གྱི་རིང་སྤྱི་པའི་རྩ་དོན་ལ་ཞབས་ཞུའི་གོ་སྐབས་བཟང་པོ་ཐོབ་པ་དེ་ལྟར་ཡང། སྐུ་ཁམས་བདེ་མིན་སྐུ་ངལ་རྒྱུན་འཕྲད་དྲག་བསྐྱེད་མི་ཡོང་བས་སྨན་པའི་ལམ་སྟོན་ལྟར་ལས་དོན་ཆེ་རིགས་མཚམས་འཇོག་གིས་སྨན་བཅོས་གནང་འཆར་ཆེད་སྤྱི་འཐུས་ནས་རྩ་དགོངས་མི་ཞུ་ཀ་མེད་དུ་གྱུར་པས། ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡ ནས་དགོངས་འཁྲོལ་སྐྱབས་འཇུག་ངེས་གནང་ཡོང་བ་ཞུ་ཞེས་གསལ་ཡོད་པ་རེད། ཁོང་དགོངས་ཞུས་ཀྱི་ཚབ་གསར་ཐད་བརྒྱ་ཆ་ལོན་པ་ཡོད་མེད་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུའི་འགན་འཛིན་མཆོག་ལ་བཀའ་འདྲི་ཞུས་པར་ཡོད་གནས་གསུངས་བྱུང་བ་བཅས།      ཚོགས་དྲུང་ལས་ཁུངས་ནས། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༥ ལ།།