
༄༅། །ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༨ ཚེས་ ༢༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༨།༠༠ པ་ནས་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་རྣམ་གཉིས་ཀ་སྦུག་ས་འགོ་ལས་ཁུངས་ཀྱི་རྩིས་པ་དང་ལྷན་དུ་གཞུང་འཁོར་བརྒྱུད་ཨལ་གྷ་ར་རྒྱུད་སྟོད་དགོན་པའི་ཡན་ལག་ཁང་དུ་མཆོད་མཇལ་ཞུས་རྗེས། ཨལ་གྷ་ར་དང་པད་གདོང་མི་མང་རྣམས་ལ་བཀའ་སློབ་ལམ་སྟོན་གནང་ཡོད།

དེ་བཞིན་ཨོ་རྒྱན་སྨིན་གྲོལ་བསམ་གཏན་གླིང་དགོན་པ་དང་། ལ་ཝ་བཀའ་བརྒྱུད་ཐེག་ཆེན་གླིང་། གྲམ་གྲིམ་འབོ་དཀར་བཤད་གྲྭ། ཨེ་ཝམ་གནམ་ལྕགས་བཙུན་དགོན་བཅས་སུ་མཆོད་མཇལ་དང་མི་མང་ཚོགས་འདུ་ལ་བཀའ་སློབ་ལམ་སྟོན་གནང་ཡོད་པ་བཅས།


